འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ཚན་རྩལ་བྱེད་ཐབས་སྤྱད་དེ་ནས་ཀྱི་ཐོན་རྫས་སྣ་མང་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་11ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། “ནས་ནི་ས་མཐོའི་ནོར་བུ་ལྟ་བུ་ཡིན་པས། ཚན་རྩལ་གྱི་སྟོབས་ཤུགས་སྤྱད་དེ་ནས་ཀྱི་དཔལ་འབྱོར་རིན་ཐང་མཐོ་རུ་གཏོང་ཐུབ་རེ་ཡོད” བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཞིང་ལས་ཐོན་རྫས་གསར་སྤེལ་དང་བཟའ་བཅའ་ཚན་རིག་ཞིབ་འཇུག་སུའོ་ཡི་རིགས་གཅིག་མཁས་ཅན་གྱིས་ནས་ལ་དཔལ་འབྱོར་གཏིང་ཤུགས་ཆེན་པོ་ཡོད་པས། ཞིང་འབྲོག་པ་དབུལ་སྒྲོལ་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་ཐུབ་པའི་ངོས་འཛིན་བྱས་པ་རེད།
         བོད་ལྗོངས་མི་དམངས་ཀྱི་བཅའ་བཅའ་གཙོ་བོ་ནི་རྩམ་པ་དང་། མར། ཇ། ནོར་ལུག་གི་ཤ་བཅས་བོད་རིགས་ཀྱི་ཟས་མཆོག་བཞིར་འབོད་པའི་དང་པོ་ཡིན། 2017ལོར་བོད་ལྗོངས་ཀྱི་ནས་འདེབས་ཁྱོན་མུའུ་ཁྲི་210ལྷག་ཟིན་ནས་འབྲུ་རིགས་འདེབས་ཁྱོན་གྱི་75%བཟུང་བ་དང་། སྤྱིའི་ཐོན་འབབ་ཏུན་ཁྲི་79ཟིན་ནས་འབྲུ་རིགས་སྤྱིའི་ཐོན་འབབ་ཀྱི་77%བཟུང་ཡོད་པ་རེད།
         ནས་ཀྱི་ཐོན་རྫས་ཀྱི་ཚན་རྩལ་འདུས་ཚད་མཐོ་རུ་བཏང་ནས་ཐོན་རྫས་སྣ་མང་ཅན་ལ་སྐུལ་འདེད་གཏོང་རྒྱུ་ནི་ཞིང་ལས་ཐོན་རྫས་གསར་སྤེལ་དང་བཟའ་བཅའི་ཚན་རིག་གི་ཞིབ་འཇུག་ཁ་ཕྱོགས་གཙོ་བོ་ཞིག་ཡིན། ངོ་སྤྲོད་བྱས་པར་གཞིགས་ན། ལོ་གཅིག་རིང་། བོད་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཞིང་ལས་ཐོན་རྫས་གསར་སྤེལ་དང་བཟའ་བཅའ་ཚན་རིག་ཞིབ་འཇུག་སུའོ་ཡིས་ཁྱོན་ཐོན་རྫས་སྣ་ཁ་160ལྷག་གསར་སྤེལ་བྱས་པ་ལས་ཕྱེད་ཀ་ཙམ་ནི་ནས་ཀྱི་ཐོན་རྫས་རེད། ཞིབ་འཇུག་སུའོ་ཡིས་སྲེག་སྐམ་རིགས་དང་བསྙལ་བའི་རིགས་སོགས་ནས་ཀྱི་བཟའ་བཅའ་རིགས་དྲུག་གསར་སྤེལ་བྱས་པ་ཕུད། ད་དུང་ཁྲག་མངར་ཚོད་འཛིན་དང་གཅིན་སྙི་ཟ་ཁུ་སྔོན་འགོག་གི་ནུས་པ་ལྡན་པའི་ནས་ཀྱི་བཟའ་བཅའ་གསར་སྤེལ་བྱ་རྒྱུར་ཡང་ཞིབ་འཇུག་བྱེད་མུས་རེད།
         བོད་ལྗོངས་ཀྱི་ཞིང་འབྲོག་པ་ལྷག་ཆུང་གིས་ཨ་རག་ཉིང་ཁུ་འདུས་ཚད་དམའ་བའི་བོད་ཀྱི་ནས་ཆང་རྣམ་གྲངས་ཐོག་ནས་ལས་གཏོད་བྱས་ཤིང་། 2006ལོར་བོད་ལྗོངས་རྟ་ར་བ་ནས་ཆང་མ་རྐང་ཚད་ཡོད་ཀུང་སི་བཙུགས་པ་རེད། ཞིབ་འཇུག་སུའོ་ཡིས་དེ་སྔོན་ཀུང་སི་དེ་དང་མཉམ་ལས་བྱས་ནས་བོད་ལྗོངས་ཀྱི་ནས་ཆང་གི་སྲོལ་རྒྱུན་བསྙལ་བཟོའི་ལག་རྩལ་དང་དེང་རབས་ཚན་རིག་ལག་རྩལ་གཉིས་ཟུང་འབྲེལ་བྱས་པས་ནས་ཆང་རང་ཁྱིམ་དུ་སྙོལ་བ་ནས་བཟོ་ལས་ཅན་གྱི་ཐོན་སྐྱེད་བར་གྱི་ཚད་བརྒལ་མངོན་འགྱུར་བྱུང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།