འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།གངས་རིའི་སྟེང་གི་དཔའ་བོའི་ལེན། 

    ཝང་ཡུས་ཧྲན་དང་ཧོང་ཀུའེ་པིན། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་11ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་བཞི་པར་བོད་ཤར་རྒྱུད་ཀྱི་ས་མཐོར་དཔྱིད་དཔལ་རབ་ཏུ་བཞད་དེ་སྔོ་ཐིང་ངེར་གྱུར་ཡོད།
         དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་ཆབ་མདོ་ཉིང་ལག་རུ་ཁག་གི་དམིགས་བསལ་དམག་འཐབ་རུ་འབྲིང་དང་པོའི་དཔོན་དམག་ཚོས་ལོ་10ཡི་གོང་བཏབ་པའི་སྦྱར་དཀར་སྟར་པ་གཅིག་དེ་སྔོ་ཐིང་ཐིང་དུ་གྱུར་ནས་མངོན་གསལ་དེ་བས་དོད་པ་ཞིག་འདུག
         བཅའ་སྡོད་བྱ་ཡུལ་མང་ཚོགས་ཚོས་སྦྱར་དཀར་སྟར་པ་དེར་མཛའ་བརྩེའི་ངང“དཔའ་བོའི་ལྗོན་ཤིང”ཞེས་བརྗོད་ཀྱི་ཡོད་པ་དང་རུ་འབྲིང་དང་པོར“དཔའ་བོའི་ལེན”ཞེས་བརྗོད་ཀྱི་ཡོད།
         གཞིས་ཚུགས་པ། གངས་རིའི་སྟེང་ས་མཐོའི་ལྟོ་ཆས་བཟའ་རྒྱུ་ནི་འཚོ་གནས་ཀྱི་ཆེད་དུ་ཡིན་ལ། དམག་འཐབ་བྱེད་པ་ཞིག་ཀྱང་ཡིན།
         དེ་ནི་དཔའ་བོའི་ལེན་ཞིག་དངོས་འབྲེལ་རེད།
         རི་འགོག་མཉམ་འབྲེལ་དམག་གི་མེ་ལྕེ་ནས་ཤིན་ཅང་ལྷོ་ཕྱོགས་ཀྱི་དུ་ཞག་བར་དང་། སྐམ་དམག་གི་དམག་དཔུང་ནས་དྲག་ཆས་ཉེན་རྟོག་བཙུགས་པའི་བར་རུ་འབྲིང་དེས་མཐའ་གཅིག་ཏུ་ཏང་གི་བཀོད་འདོམས་ལ་ཉན་ནས་ལྷོ་འདུལ་བྱང་འཐབ་ཀྱིས་འོད་སྟོང་འཕྲོ་བའི་བྱས་རྗེས་བཞག་ཡོད།
         2008ལོའི་ཟླ་12པར་མ་གཞི་ཀོང་ཀྲོའུ་ཧྭ་ཏུའུ་རུ་བཅའ་སྡོད་བྱེད་བཞིན་པའི་རུ་འབྲིང་དེ་བཀའ་ལྟར་བོད་དུ་ཡོང་ཡོད།
         ལྷོ་རྒྱུད་ནས་ཁ་གྱེས་ཏེ་གངས་རིའི་ཕྱོགས་སུ་ཡོང་ཡོད། སྐབས་དེ་དུས་ལེ་དབར་སྟོང་ཕྲག་བརྒལ་ནས་བོད་དུ་ཡོང་བའི་སྐོར་དྲན་གསོ་བྱེད་སྐབས་ཧྲང་ཧྲི་ཧོང་ཡོན་ཧྲན་ལ་རི་བོའི་ཐོག་ཤིང་མེད་པ་མ་ཟད་རི་ལམ་ཀྱག་ཀྱོག་ཡིན་པ་དང་ས་མཐོ་མི་འཕྲོད་པར་མགོ་ན་བ་དང་། དབུགས་གཏོང་དཀའ་བ། དབུགས་བསགས་པ་སོགས་ཀྱི་གནས་ཚུལ་གསལ་གསལ་ཐིང་ཐིང་བཤད་རྒྱུ་ཡོད།
         གཟུགས་པོ་མི་འཕྲོད་པ་དང་འཚོ་བའི་གོམས་གཤིས་མི་འདྲ་བ་སོགས་ཀྱིས་དཔའ་བོའི་ལེན་གྱི་དཔའ་བོ་ཚོའི་སྙིང་སྟོབས་ཉམས་མེད།
         ཆུ་མེད་རུང་ཕྲག་པ་དང་སྒལ་པར་དབོར་བ་དང་། ལྕགས་ཀྲིན་སྒྲོམ་སྟེགས་ཐོག་བཀལ་ནས་གཟུགས་པོ་འཁྲུ་བ། དྲོད་སྲུང་ཡོ་ཆས་མེད་པས་ཉིན་མོ་ཉི་མར་བརྟེན་པ་དང་མཚན་མོ་འཐབ་འཛིང་པ་ཚོ་རུབ་རུབ་བྱས་ནས་བསྡད་དེ་དྲོད་ཁུག་ཐབས་བྱེད་པ། ཐབ་ཚང་མེད་པས་རས་ཡོལ་སྐོར་ནས་ཐབ་ཚང་བཟོ་བ། ཤིང་དང་རྡོ་སོལ་འབུད་དེ་ཁ་ལག་བཟོ་བ་བཅས་བྱས་ཡོད།
         གངས་རིའི་སྟེང་ས་མཐོའི་ལྟོ་ཆས་བཟའ་རྒྱུ་ནི་འཚོ་གནས་ཀྱི་ཆེད་དུ་ཡིན་ལ། དམག་འཐབ་བྱེད་པ་ཞིག་ཀྱང་ཡིན། ས་མཐོའི་གནམ་གཤིས་སྔ་ཙམ་འཕྲོད་ཐུབ་པ་བྱ་ཆེད། དཔོན་དམག་ཚོས་མར་དང་རྩམ་པ་སོགས་ཟ་སྟངས་སྦྱངས་པ་དང་ཧོང་ཡོན་ཧྲན་དང་འཐབ་འཛིང་པ་ཚོས་མར་རྩ་བ་ནས་ཟ་མ་ཐུབ་རུང་། ཁོང་ཚོས་ཕན་ཚུན་འགྲན་བསྡུར་བྱས་ནས་མར་དང་རྩམ་པ་ཟ་རྒྱུའི་གོམས་གཤིས་འཇགས་པ་བྱས།
         ཁོང་ཚོས་དེ་ལྟར་རྒྱུན་འཁྱོངས་དང་དཀའ་སྡུག་མཉམ་མྱོང་བྱས་ཏེ“བོད་སྐྱོད་པ་རྒན་གྲས”ཀྱི་སྙིང་སྟོབས་ཀྱི་འབོད་སྐུལ་འོག་དཔོན་དམག་ཚོ་གངས་ལྗོངས་ས་མཐོར་གཞིས་ཚུགས་ཐུབ་ཡོད།
         དེ་ལྟར་དགུན་ཁ་དང་པོ་དེ་བསྐྱལ་ཟིན་རྗེས་ཁོང་ཚོས་དམག་སྒར་ནང་སྦྱར་དཀར་སྟར་པ་དེ་བཏབ་པ་རེད།
         འཚར་ལོངས། “དམག་འཐབ་ཁྲོད་དམག་འཐབ་སྦྱོང་བ་དང་ཕམ་ཉེས་ཁྲོད་རྒྱལ་ཁ་བརྩོན་ལེན་བྱས་པ”
         མི་ཁག་གཅིག་གིས“ས་མཐོར་ཉལ་ནས་བསྡད་ཀྱང་ལེགས་སྐྱེས་ཕུལ་བ་རེད”ཅེས་བརྗོད་ཀྱི་ཡོད།
         ས་མཐོར་སླེབས་མ་ཐག་རུ་འབྲིང་དེས་འཕྲུལ་སྒུལ་སྦྱོང་བརྡར་དཔུང་སྡེ་དང་དྲག་རྩལ་འགྲན་བསྡུར་བྱེད་འགོ་བརྩམས། དང་ཐོག་ངེས་པར་དུ་རྒྱལ་ཐུབ་པའི་སྙིང་སྟོབས་བཅངས་རུང་། ལས་འགན་ཛ་དྲག་ལ་མི་ཉུང་བ་སོགས་ཀྱི་རྒྱུ་རྐྱེན་ལས་མཐར་ཕམ་པ་རེད།
         “ཡི་མ་རངས་བར་སླར་ཡང་དྲག་རྩལ་འགྲན་བསྡུར་བྱས”ཟླ་བ་ཁ་ཤས་སོང་རྗེས་སླར་ཡང་དྲག་རྩལ་འགྲན་བསྡུར་བྱས་པས་རུ་འབྲིང་དེ་མཐར་རྒྱལ་ཐུབ་ཡོད།
         “དམག་འཐབ་ཁྲོད་དམག་འཐབ་སྦྱོང་བ་དང་ཕམ་ཉེས་ཁྲོད་རྒྱལ་ཁ་འཚོལ་ཐུབ་པ་བྱས་པ”ནམ་ཡང་ཕམ་མི་འདོད་པའི་སྙིང་སྟོབས་ཐོག་ནས་ཕན་ཚུན་རྒྱལ་ཕམ་རྩོད་པ་ནི་དམིགས་བསལ་དམག་འཐབ་རུ་འབྲིང་དང་པོའི་རྒྱལ་ཁབ་ལམ་བཟང་བསྙེགས་པའི་སྲོལ་རྒྱུན་རེད།
         འཐབ་འཛིང་པ་ལིའུ་ཁྲུན་ཧུང་གིས“ཚང་མས་ས་མཐོའི་གནམ་གཤིས་ཉིན་གཅིག་ལ་འགྱུར་ལྡོག་ཐེངས་གསུམ་འགྲོ་གི་རེད་ཅེས་བརྗོད་རུང་དེས་རུ་འབྲིང་གི་སྙིང་སྟོབས་ལ་འགྱུར་ལྡོག་གཏོང་མི་ཐུབ”ཅེས་བཤད།
         པན་ཀྲང་དང་པན་ཀྲང་འགྲན་བསྡུར་དང་འཐབ་འཛིང་པ་དང་ལས་བྱེད་པ་འགྲན་བསྡུར་བྱས་པ་མ་ཟད། ཁྲིད་སྟོན་པས་ཀྱང་རུ་འབྲིང་དཔོན་དང་འགྲན་བསྡུར་བྱས། དཔྱད་ཞིབ་རྣམ་གྲངས་འགྲན་བསྡུར་དང་རང་འདེམས་འགུལ་སྟངས་འགྲན་བསྡུར་བྱེད་པ་མ་ཟད། ལག་ཤུགས་འགྲན་ནའང་ངེས་པར་དུ་རྒྱལ་ཕམ་གསལ་པོ་བཟོ་གི་ཡོད། དེ་ལྟར་རུ་འབྲིང་ལ་འགྱུར་ལྡོག་ཆེན་པོ་བྱུང་ནས་སྤྱི་ཁྱབ་རུ་ཁག་ནང་ཟིན་ཐོ་མང་པོ་བཏོད་ཡོད།
         གངས་ཆར་དང་རླུང་བུའི་ཁྲོད་སྦྱར་དཀར་ཚང་མ་སྐྱེ་འཚར་ཡག་པོ་བྱུང་བ་དང་། དཀའ་ལས་མང་པོའི་ཁྲོད་དཔོན་དམག་ཚོས་དཔའ་ངར་ཞུམ་པ་མེད་པར་མདུན་སྐྱོད་བྱས།
         བོད་ལྗོངས་སུ་སླེབས་ཚུན་རུ་འབྲིང་གི་ལོ་འཁོར་དམག་སྦྱོང་གི་དྲག་རྩལ་འགྲན་བསྡུར་དཔྱད་ཞིབ་ཁྲོད་རུ་འབྲིང་དེར་ལོ་6བསྟུད་མར་ཨང་དང་པོ་ཐོབ་པ་དང་། དམག་དོན་དངོས་སྦྱོང་ཆེ་གྲས་ཐེངས་11ནང་ཞུགས་པ་མ་ཟད། འཕྲལ་སྒྲུབ་གཙོ་ཤུགས་ཀྱི་འགན་འཁྲིའང་འཁུར་བ་དང་ཁེར་རྐྱང་གི་ཆེད་ལས་རྣམ་གྲངས་ཀྱི་དྲག་རྩལ་འགྲན་བསྡུར་ཁྲོད་སྦྱོང་བརྡར་གྱི་ཟིན་ཐོ་ཁག་10རྒྱུན་འཁྱོངས་བྱས་ཡོད།
         སྲུང་སྐྱོང་། “ཚེ་སྲོག་གིས་འགན་འཁྲི་དོན་གཉེར་དང་བྱ་སྤྱོད་ཀྱིས་ལྷག་བསམ་ལག་བསྟར་བྱས”
         ལོ་10དཀའ་སྤྱད་འབད་བརྩོན་གྱིས་དམིགས་བསལ་དམག་འཐབ་རུ་འབྲིང་དང་པོ་དེ་ཧ་ཅང་ཆེ་བའི“དཔའ་བོའི་ལྗོན་ཤིང”ཞིག་ཏུ་གྱུར་ནས་བཅའ་སྡོད་བྱ་ཡུལ་མི་དམངས་ལ་དུས་བདེ་སྲུང་རོགས་བྱས་ཡོད།
         ཆབ་མདོ་འདི་ཉིད་ཁམས་པའི་ས་མཐོའི་དཀྱིལ་དབུས་སུ་གནས་ནས་ས་བབ་རྙོག་འཛིང་ཆེ་ལ་མི་རིགས་མང་པོ་མཉམ་དུ་བསྡུས་ཡོད་པས་བཅའ་སྡོད་བྱ་ཡུལ་གྱི་བདེ་འཇགས་དེ་ཙམ་ཡག་པོ་མེད། དམིགས་བསལ་དམག་འཐབ་རུ་འབྲིང་དང་པོས་ལུས་ལ་ཁྲབ་གྱོན་པ་དང་ལག་ལ་མཚོན་ཐོགས་ནས་གྲ་སྒྲིག་ཨང་གསར་བྱས་ཡོད།
         2009ལོའི་ཟླ་6པར་བྲག་གཡབ་རྫོང་དུ་མེ་མདའ་འཁྱེར་ནས་མི་གསོད་པའི་དོན་རྐྱེན་ངན་པ་ཐོན་པ་རེད། ས་མཐོར་སླེབས་མ་ཐག་པའི་རུ་འབྲིང་གི་དཔོན་དམག་ཚོས་བཀའ་ལྟར་འཛིན་བཟུང་ནང་ཞུགས་ཡོད། སྤྱི་ལེ་70གྱི་སར་དམག་སྐྱོད་བྱས་པ་དང་ཆུ་ཚོད་46གབ་སྡོད་བྱས་ཡོད། སྐབས་དེ་དུས་རུ་དཔོན་ཡིན་པའི་ཙེང་ནེང་ཤིན་གྱིས་དཔོན་དམག་ཚོའི་སྣེ་འཁྲིད་དེ་གངས་རིའི་ཁྲོད་དུ་འཐབ་རྩོད་བྱེད་པར་སྐྱོད་ཡོད། མཐར་དཔོན་དམག་ཚོས་སྐར་ཆ་30ཡི་ནང་འཕྲལ་རྒོལ་བྱས་པས་ཉེས་ཅན་གཏེ་པོ་དེ་གསོད་ཐུབ་པ་བྱུང་བ་དང་ཉེས་གསོག་དོགས་ཅན་གཉིས་འཛིན་བཟུང་ཐུབ་ཡོད།
         འགན་འཁྲི་བློ་ལ་བཅངས་ནས་ངོ་གནོང་མི་དགོས་པ་བྱས་པ། ལོ་10ཡི་ནང་རུ་འབྲིང་དེས་དམག་ཤུགས་མི་ཐེངས་ཁྲི་2ཙམ་བཏང་སྟེ་ལས་འགན་གལ་ཆེན་50ལྷག་ཙམ་ལེགས་གྲུབ་བྱས་པ་དང་། ཉེས་གསོག་དོགས་ཅན་སྣ་ཚོགས་100ཙམ་འཛིན་བཟུང་བྱས་ཡོད།
         2016ལོའི་ཟླ་5ཚེས་11ཉིན་སྟེང་ཆེན་རྫོང་ག་ཐ་ཤང་དུ་ས་ཡོམ་རིམ་པ་5.5བརྒྱབ་པ་དང་རོགས་སྐྱོབ་བྱ་ཡུལ་དུ་བོད་རིགས་ཨ་མ་རྒན་མོ་ཞིག་རྡོས་མནན་ནས་རྨས་སྐྱོན་ཕོག་ཏེ་མྱུར་སྐྱོབ་བྱེད་དགོས་སྟབས་དུས་ཚོད་ནི་ཚེ་སྲོག་ཡིན་པས་གུ་དོག་པའི་རི་ལམ་དུ་སྒོ་ཁྲི་བཀྱག་ནས་འགྲོ་ཐབས་བྲལ། སྐབས་དེ་དུས་རུ་འབྲིང་གི་རུ་དཔོན་ཡིན་པའི་ཀྲའོ་ཧེ་གོ་ཡིས“འཕྲལ་མར་སྒོ་ཁྲི་མགོ་ཐོག་ཏུ་བཀྱག་ནས་འགྲོ་དགོས་པའི”བཀའ་བཏང་།
         བྲག་རི་གཡང་གཟར་ནས་རྡོ་ཟགས་ཡོང་རུང་ཁོང་ཚོས་ཉེན་ཁར་མ་འཛེམས་པར་ཆུ་ཚོད་ཕྱེད་ཀ་ཡི་ནང་རྒན་མོ་མྱུར་སྐྱོབ་རླངས་འཁོར་ནང་སྐྱེལ་ཐུབ་པ་བྱུང་རུང་དཔོན་དམག་ཚོ་དཀའ་ལས་ཁག་ཐག་ཆོད་དེ་ལག་པ་བཀྱག་ཙམ་ཡང་བྱེད་མི་ཐུབ།
         “ཚེ་སྲོག་གིས་འགན་འཁྲི་དོན་གཉེར་དང་བྱ་སྤྱོད་ཀྱིས་ལྷག་བསམ་ལག་བསྟར་བྱས་པ”2017ལོར་དམག་མི་རྒན་གྲས་ཚོ་དམག་ཁོངས་ནས་ཕྱིར་ལོག་མ་བྱས་གོང་གི་ཉིན་དེར་རུ་འབྲིང་ལ་ཉེན་སྲུང་ལས་སྒྲུབ་ཀྱི་ལས་འགན་གལ་ཆེན་ཞིག་སྒྲུབ་དགོས་པའི་བཀའ་འབྱོར་བས་དམག་མི་རྒན་གྲས་ཚོས་རང་འགུལ་ངང་ཉེན་སྲུང་ལས་སྒྲུབ་ནང་ཞུགས་པ་རེད།
         ཉིན་གཉིས་པའི་ཐོ་རེངས་དཔུང་སྡེ་ནས་ཁ་བྲལ་སྐབས་སྦྱར་དཀར་འོག་ཏུ་དམག་མི་རྒན་གྲས་ཚོས་མིག་ལ་མཆི་ཞག་འཁོར་བཞིན་ཆེས་བརྩི་ཤོས་ཀྱི་ཕྲག་རྟགས་དང་གོང་རྒྱན་བཀོག་ནས་རྒྱུས་མངའ་ཡོད་པའི་དཔུང་སྡེའི་གླུ་གཞས་གཏོང་བཞིན་གཟི་བརྗིད་ལྡན་པའི་ཚོགས་པ་དེ་དང་ཁ་གྱེས་པ་རེད།
         “མཛད་རྗེས་རྡོ་རིང་ཐོག་གཟི་བརྗིད་བརྐོས་པ་དང་དཔའ་བོའི་གླུ་སྒྲས་ན་སྣང་ཡོངས་སུ་ཁེངས”
         གངས་རིའི་ཐོག་གི་དཔའ་བོའི་ལེན་ནི་དཔའ་བོའི་ལྗོན་ཤིང་ཆེན་པོ་ཞིག་རེད། 
      

    ཕྱོགས་བསྡུས་གསར་འགྱུར།