འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོར་རྒྱལ་ཡོངས་ཀྱི་གནའ་རྫས་ཆེན་པོ་བཅུ་གསར་དུ་རྙེད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་11ཉིན། 17:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།2017ལོར་རྒྱལ་ཡོངས་ཀྱི་གནའ་རྫས་ཆེན་པོ་བཅུ་གསར་དུ་རྙེད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་10ཉིན། ཀྲུང་གོའི་རིག་དངོས་གསར་འགྱུར་ཁང་དང་ཀྲུང་གོའི་གནའ་རྫས་ལྷན་ཚོགས་གཉིས་ཀྱིས་གཙོ་སྒྲུབ་བྱས་པའི"2017ལོར་རྒྱལ་ཡོངས་ཀྱི་གནའ་རྫས་ཆེན་པོ་བཅུ་གསར་དུ་རྙེད"་པའི་འདེམས་འབྲས་ཐོན་ཏེ། སི་ཁྲོན་ཕེང་ཧྲན་གཙང་པོའི་མིང་རྒྱལ་རབས་དུས་མཇུག་གི་གཡུལ་སའི་གནའ་རྫས་བཅས་རིགས་10ནི་གསར་དུ་རྙེད་པའི་གནའ་རྫས་26ནང་ནས་མངོན་དུ་ཐོན་ཡོང་སྟེ་མཚན་སྙན་དེ་ཐོབ་པ་རེད།
         གསར་དུ་རྙེད་པའི་གནའ་རྫས་10བོ་ནི་རེ་རེ་བཞིན་གཤམ་གསལ་ལྟར་ཏེ། ཤིན་ཅང་ཅི་མུའུ་ནའེ་ཐུང་ཐེན་བྲག་ཕུག་གི་རྗེས་ཤུལདང་། ཧྲན་ཏུང་ཀྲང་ཆིའུ་ཅའི་རྗེས་ཤུལ། ཧྲན་ཞི་ཀའོ་ལི་དབྱང་དཔོན་སྡེའི་རྗེས་ཤུལ། ཉིང་ཞའི་ཕེང་དབྱང་ཡའོ་ཡོན་ཞི་ཀྲོའུ་ཡི་རྗེས་ཤུལ། ཧོ་ནན་ཞིན་ཀྲེང་ཀྲེང་ཧན་གནའ་མཁར་གྱི་རྗེས་ཤུལ། ཧྲན་ཞིའི་ཞི་ཨན་ཆིང་ཧན་ལི་དབྱང་གནའ་མཁར་གྱི་རྗེས་ཤུལ། ཧོ་ནན་ལའོ་དབྱང་གི་ཧན་ཤར་མའི་རྒྱལ་པོའི་དུར་སའི་གནའ་རྫས་རྟོག་ཞིབ་དང་བསྔོགས་འདོན་བྱས་པའི་སྐོར། ཅང་ཞིའི་དབྱིང་ཐན་ལུང་ཧུའུ་ཧྲན་གྱི་ཏ་ཧྲང་ཆིན་ལྷ་ཁང་གི་རྗེས་ཤུལ། ཅི་ལིན་ཨན་ཐུའུ་ས་ཆའི་ཅིན་རྒྱལ་རབས་སྐབས་ཀྱི་ཁྲང་པེ་རི་བོའི་ལྷ་ཁང་གི་རྗེས་ཤུལ། སི་ཁྲོན་ཕེང་ཧྲན་གཙང་པོའི་མིང་རྒྱལ་རབས་དུས་མཇུག་གི་གཡུལ་སའི་རྗེས་ཤུལ་བཅས་རེད།
        ཀྲུང་གོའི་གནའ་རྫས་རྟོག་ཞིབ་ལྷན་ཚོགས་ཀྱི་ལས་འཛིན་པ་ཝང་ཝེས་བཤད་རྒྱུར། ཐེངས་འདིར་འདེམས་གྲས་སུ་ཚུད་པའི་རིགས་དུས་ཀྱི་བརྒལ་ཚད་རིང་ཞིང་། གནས་སའི་ཁྱབ་ཚད་རྒྱ་ཆེ་ལ་རིགས་སྣའང་ཆ་ཚང་བས། “བདམས་ཚད་རེ་ལས་ཀྱང་མཐོབ་བར་དཀོན་པའི་གྲས་རེད”ཅེས་ངོ་སྤྲད་བྱས་བྱུང་། ཁོང་གིས་བསམས་ན་དེ་ལས་ཉེ་བའི་ལོ་འགའི་རིང་རྒྱལ་ཡོངས་ཀྱི་ས་ཆ་ཀུན་ཏུ་གནའ་རྫས་རྟོག་ཞིབ་ལ་ཡོངས་སུ་དོ་སྣང་བྱེད་ཀྱིན་ཡོད་པའི་ཚུལ་མཚོན་པར་བཞེད། 
    【1】  【2】  【3】  【4】  【5】  【6】
    ༄༅།།2017ལོར་རྒྱལ་ཡོངས་ཀྱི་གནའ་རྫས་ཆེན་པོ་བཅུ་གསར་དུ་རྙེད་པ།
      

    ཕྱོགས་བསྡུས་གསར་འགྱུར།