འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་རྨ་ལྷོ་ཀྲོའུ་ཡིས་སྣོད་བཅུད་ཀྱི"མཐོང་རྒྱ་ཆེ་མོ"ལས་མཛེས་སྡུག་ལྡན་པའི"རྣམ་པ་ཆེན་པོ"བཏོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་11ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། དཔྱིད་དུས་སུ་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རུ་བསྐྱོད་སྐབས་སྣོད་བཅུད་ཤེས་དཔལ་ལམ་ལུགས་འཛུགས་སྐྱོང་ལས་མཚོ་སྔོན་གྱི་ཁྱད་ཆོས་ཟབ་མོ་མངོན་པ་དང་། རྒྱ་ཆེ་བའི་ཆུ་འགོའི་ས་གཞི་ཆེ་མོའི་སྣོད་བཅུད་ཁེ་ཕན་གྱི་མདུན་ལམ་ཡངས་པོས་མི་རྣམས་ལ་འཆར་སྒོ་སྣ་ཚོགས་སྟེར། འདས་ཟིན་པའི་ལོ་ལྔའི་རིང་། རྨ་ལྷོས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་མཐའ་འཁྱོངས་ཀྱིས་སྣོད་བཅུད་ཁོར་ཡུག་བཟང་པོ་བྱ་གཞག་ཁག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལེགས་ཆ་ཆེ་ཤོས་སུ་བརྩིས་ཏེ་དཔལ་འབྱོར་འཕེལ་རྒྱས་དང་སྣོད་བཅུད་འཛུགས་སྐྱོང་གཉིས་ལ་མཐུན་སྦྱོར་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་པ་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་འདུ་ཤེས་ཕ་ཚ་བུ་རྒྱུད་དུ་རྒྱུན་འཛིན་བྱས་པ་རེད།
         རྨ་ལྷོ་ཀྲོའུ་ཡིས་ནགས་ཚལ་སྣོད་བཅུད་མ་ལག་འཛུགས་སྐྱོང་དང་སྲུང་སྐྱོང་དང་། འདམ་རའི་མ་ལག་དོ་དམ་དང་སླར་གསོ། མྱ་ངམ་ཐང་གི་སྣོད་བཅུད་མ་ལག་ལེགས་བཅོས་དང་བཅོས་སྐྱོང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་འཕེལ་རྒྱས་བཅས་ཀྱི་འགན་ནུས་ཧུར་ཐག་བཏོན་ཏེ། སྔ་རྗེས་སུ་རང་བྱུང་ནགས་ཚལ་སྲུང་སྐྱོང་དང་། རྨོ་བསྐྱུར་ནགས་གསོ། བྱང་གསུམ་འགོག་སྲུང་ནགས་ཚལ་སོགས་ནགས་ལས་སྣོད་བཅུད་འཛུགས་སྐྱོང་རྣམ་གྲངས་སྒྲིག་འཛུགས་དང་ལག་ལེན་བསྟར་བས་རྨ་ལྷོའི་ནགས་ལས་ལོ་རྒྱུས་ཐོག་གི་འཕེལ་རྒྱས་ཀྱི་དུས་མཚམས་མྱུར་ཤོས་དང་ཡག་ཤོས་སུ་སླེབས་པ་རེད།
         ལོ་ལྔའི་རིང་། རྨ་ལྷོ་ཀྲོའུ་ཡིས་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་དུས་མཚམས་དང་པོའི་འདུ་འགོད་ལེགས་པར་བསྒྲུབས་ནས་དུས་མཚམས་གཉིས་པའི་འདུ་འགོད་ཕྱོགས་ཡོངས་ནས་ལག་ལེན་བསྟར་འགོ་ཚུགས་ཡོད། རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་གི་ཁ་གསབ་རོགས་དངུལ་གྱི་བྱ་དགའི་ལམ་སྲོལ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། མཉམ་སྡེབ་ནགས་དབང་ལམ་ལུགས་སྒྱུར་བཅོས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བས། ནགས་ལས་རྩྭ་ཐང་གི་སྣོད་བཅུད་ཁོར་ཡུག་ལེགས་སུ་ནུས་ལྡན་ཕྱིན་པ་དང་ནགས་ཁེབས་ཚད་19.32%ཟིན་ཡོད། མཚོ་སྔོན་རྩེ་ཆུ་རྒྱལ་ཁབ་འདམ་རའི་སྤྱི་གླིང་དང་། ཧོར་རྒྱལ་ཁབ་བྱེ་ཐང་སྤྱི་གླིང་(ཚོད་ལྟ་) ཀླུ་ཆུའི་ཆུ་འགོའི་རྒྱལ་ཁབ་འདམ་རའི་སྤྱི་གླིང་བཅས་ལ་དངོས་སུ་ཆོག་མཆན་ཐོབ་པ་རེད། ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་འདུ་འགོད་ལ་གོ་རིམ་ལྡན་པའི་ངང་སྐུལ་སྤེལ་གཏོང་བཞིན་ཡོད་པ་དང་མི་སྡོད་ཁོར་ཡུག་དང་སྣོད་བཅུད་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བཞིན་ཡོད།
         ད་ཆའི་རྨ་ལྷོར་མི་རབས་གོང་མའི་དཀའ་སྤྱད་ལས་འཁྲུངས་པའི་དམེ་ཤོག་ནགས་ར་ཡོད་ལ། མི་རབས་འདིའི་རྩོལ་བ་ལས་བྱུང་བའི་རོང་བོ་ལུང་ཤུར་ཡང་ཡོད་ཅིང་། སྤང་ཁའི་སྣོད་བཅུད་ནུས་པ་སླར་གསོ་ཐུབ་བཞིན་ཡོད་པ་དང་། རི་རྒོད་ཚང་མར་སྔོ་ཁེབས་ཁྱབ་བཞིན་ཡོད་པ། ཚང་ཚིང་གཡུ་ལོ་འཁྲིགས་པའི་དབུས་སུ་གནས་པའི་གྲོང་རྡལ་དང་གྲོང་ཚོ་རེ་རེ་ནི་ཁ་སང་དང་དེ་རིང་གཉིས་ཀ་བཀོད་པའི་མཛེས་ལྗོངས་ལྟ་ན་སྡུག་པ་ཞིག་ཡིན་པས་རྨ་ལྷོའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གྱི་རེ་བ་མངོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།