འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཁེན་ནི་ཡའི་འགྲུལ་སྐྱེལ་རླངས་འཁོར་ཞིག་ཆུ་བོའི་ནང་ལྷུངས་ནས་མ་མཐའ་ཡང་མི་17གྱི་
    སྲོག་ཤོར་ཡོད་ངེས།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་11ཉིན། 18:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཁེན་ནི་ཡའི་འགྲུལ་སྐྱེལ་རླངས་འཁོར་ཞིག་ཆུ་བོའི་ནང་ལྷུངས་ནས་མ་མཐའ་ཡང་མི་17གྱི་
སྲོག་ཤོར་ཡོད་ངེས།
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་10ཉིན། ཁེན་ནེ་ཡ་ས་གནས་གཞུང་གི་དཔོན་པོས། ཁེན་ནེ་ཡའི་ལྷོ་ནུབ་རྒྱུད་ཀྱི་ནའེ་ལའོ་ཁེ་ཆུང་དུ་ཉིན་དེའི་ཕྱི་དྲོར་འགྲུལ་སྐྱེལ་རླངས་འཁོར་ཞིག་ཆུ་བོའི་ནང་ལྷུངས་བའི་དོན་རྐྱེན་བྱུང་ནས། ཆེས་ཉུང་མཐར་ཡང་མི་17གྱི་སྲོག་ཤོར་ཡོད་ཅེས་བཤད།
         ན་ལུའོ་ཁོ་ཅུན་ཆེད་ལས་པ་ན་ཐེ་མུའུ་པེ་ཡས་ཁ་པར་ནང་ནས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལ། དོན་རྐྱེན་དེ་ནི་ན་ལུའོ་ཁོ་ཅུན་གྱི་གཞུང་ལམ་ཐོག་ཏུ་བྱུང་བ་དང་། འགྲུལ་པ་60ལྷག་བསྡད་ཡོད་པའི་རླངས་འཁོར་ཞིག་རྒྱལ་ས་ནེ་རོ་པུར་བསྐྱོད་པའི་ལམ་བར་དུ་མདུན་ནས་ཡོང་བའི་ལྗིད་འདེགས་རླངས་འཁོར་ཞིག་ལ་གཞའ་སྐབས་ཚོད་འཛིན་ཤོར་ནས་ལམ་འགྲམ་གྱི་ཆུ་བོའི་ནང་དུ་ལྷུངས་བ་རེད་ཅེས་བཤད། 
        ནེ་ཐེ་མུའུ་ཡས། དོན་རྐྱེན་དེའི་ནང་ཉུང་མཐར་ཡང་མི་17གྱི་སྲོག་ཤོར་ཡོད་པ་དང་། གཞན་ཡང་མི་40ལྷག་ལ་རྨས་སྐྱོན་ཕོག་ཡོད་པས། མིག་སྔར་འབྲེལ་ཡོད་སྡེ་ཁག་གིས་དོན་རྐྱེན་དེིའི་བྱུང་རྐྱེན་ལ་ཞིབ་བཤེར་བྱེད་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།