འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི་ལོ་མཇུག་ཏུ་རྒྱལ་ཡོངས་ཀྱི་ཞིང་ལས་སྐྱེ་དངོས་གཙོ་བོའི་གནོད་མེད་སྔོན་
    འགོག་ཚོད་འཛིན་བྱེད་རྒྱ་མུའུ་དུང་ཕྱུར་5.5ཟིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་11ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ནད་འབུ་གནོད་མེད་སྔོན་འགོག་ཚོད་འཛིན་ཞེས་པ་ནི་ཞིང་ལས་ལྗང་མདོག་འཕེལ་རྒྱས་ཀྱི་མཚོན་རྟགས་གལ་ཆེན་ཞིག་རེད། ཚེས་9ཉིན་ཞིང་ལས་དང་གྲོང་གསེབ་པུས་པེ་ཅིང་དུ་རྒྱལ་ཡོངས་ཀྱི་ཞིང་ལས་སྐྱེ་དངོས་ཀྱི་ནད་འབུ་གནོད་མེད་སྔོན་འགོག་ཚོད་འཛིན་གྱི་སྐུལ་འདེད་དོན་འཁྱོལ་ཚོགས་འདུ་འཚོགས་ཤིང་། གསར་འགོད་པར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2017ལོའི་ལོ་མཇུག་བར་རྒྱལ་ཡོངས་ཀྱི་ཞིང་ལས་སྐྱེ་དངོས་གཙོ་བོའི་གནོད་མེད་སྔོན་འགོག་ཚོད་འཛིན་བྱེད་རྒྱ་མུའུ་དུང་ཕྱུར་5.5ཟིན་པ་དང་གནོད་མེད་སྔོན་འགོག་ཚོད་འཛིན་ཁྱབ་རྒྱ་27.2%ཟིན་པ་དེ་2014ལོ་དང་བསྡུར་ན་བརྒྱ་ཆའི་གྲངས་7.2མཐོ་རུ་ཕྱིན་ཡོད་པ་རེད། ཞིང་ལས་དང་གྲོང་གསེབ་པུའི་འདེབས་འཛུགས་ལས་རིགས་སི་དང་རྒྱལ་ཡོངས་ཀྱི་ཞིང་ལས་ལག་རྩལ་ལྟེ་གནས་ཀྱིས་ཕྱོགས་བསྡོམས་བྱས་པ་བརྒྱུད། ས་ཁུལ་མི་འདྲ་བ་དང་སྐྱེ་དངོས་རིགས་སྣ་མི་འདྲ་བའི་བརྒྱུད་རིམ་ཧྲིལ་པོའི་གནོད་མེད་སྔོན་འགོག་ཚོད་འཛིན་ལག་རྩལ་སྤེལ་ཐབས་ཆ་ཚང་28གདམ་གསེས་བྱས་ཡོད། སླད་ཕྱིན་ས་གནས་ཁག་ནས་ཞིབ་དཔྱད་ར་འཕྲོད་སྔར་ལས་ལྷག་པ་ཐུབ་རྗེས་ལས་རིགས་ཀྱི་ཚད་གཞིར་གང་མགྱོགས་འགྱུར་བ་བྱ་རྒྱུ་རེད།
         ཉེ་བའི་ལོ་ཤས་རིང་ས་གནས་ཁག་གིས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ཤིང་། ཧྲན་ཏུང་དང་། ཐེན་ཅིན། ཅང་སུའུ་སོགས་ཀྱིས་ཆེད་སྤྱོད་མ་དངུལ་བཏང་བ་དག་གནོད་མེད་སྔོན་འགོག་ཚོད་འཛིན་ལག་རྩལ་དང་དངོས་སྒྱུར་ཁ་གསབ་སྤྲོད་པར་སྤྱད་དེ་ཚད་གཞི་ཅན་གྱི་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ལས་དང་གྲོང་གསེབ་པུས་ལོ་ལྟར་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་15བཀོད་སྒྲིག་བྱས་ཏེ་འབྲུ་རིགས་སྐྱེ་དངོས་གཙོ་བོ་དང་། ཤིང་འབྲས། སྔོ་ཚལ། ཇ་ལོ་སོགས་ལྗང་མདོག་ཏུ་འགྱུར་ཆེ་རུ་གཏོང་བ་དང་། ཐོན་འབབ་མང་དུ་གཏོང་བ། ཕན་འབྲས་ཆེ་རུ་གཏོང་བ་བཅས་ལ་སྐུལ་འདེད་གཏོང་བ་དང་ཆབས་ཅིག་ལྗང་མདོག་ཐོན་སྐྱེད་ལག་རྩལ་སྤེལ་སྟངས་ཁྱབ་གདལ་གཏོང་གི་ཡོད། ན་ནིང་ནས་བཟུང་ཞིང་ལས་དང་གྲོང་གསེབ་པུས་ལོ་ལྟར་མ་དངུལ་སྒོར་དུང་ཕྱུར་10བཀོད་སྒྲིག་བྱས་ཏེ་རྫོང་150རུ་རྫས་ལུད་ཀྱི་ཚབ་ཏུ་སྐྱེ་ལྡན་ལུད་རྒྱག་པའི་ཚོད་ལྟའི་ལས་དོན་སྤེལ་ནས་གནོད་མེད་སྔོན་འགོག་ཚོད་འཛིན་གྱི་ལག་རྩལ་བེད་སྤྱོད་ལ་མཐུན་སྦྱོར་གྱིས་སྐུལ་འདེད་བཏང་ཡོད།
         ཞིང་ལས་དང་གྲོང་གསེབ་པུའི་འདེབས་འཛུགས་ལས་རིགས་སིའི་སི་ཀྲང་ཙེང་ཡན་ཏེས་ནད་འབུ་གནོད་མེད་སྔོན་འགོག་ཚོད་འཛིན་ལ་སྔར་བས་སྐུལ་འདེད་གཏོང་བར་གནོད་མེད་རྩི་ཤིང་སྲུང་སྐྱོང་དང་སྤྱི་པའི་རྩི་ཤིང་སྲུང་སྐྱོང་གི“འདུ་ཤེས་གཉིས”ཟབ་ཏུ་བཏང་ནས་འབྲུ་རིགས་ཐོན་སྐྱེད་ཀྱི་ནུས་པའི་ཁུལ་དང་། ཤིང་འབྲས་དང་། སྔོ་ཚལ། ཇ་ལོ་བཅས་ཀྱི་ལེགས་ལྡན་ཁུལ། ཞིང་ལས་ཐོན་རྫས་སྤུས་རྟགས་རྟེན་གཞི་བཅས་ཀྱི“གཙོ་གནད་གསུམ”འབུར་དུ་ཐོན་པར་བྱེད་དགོས་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།