འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིང་ལས་འཕྲུལ་ཆས་ཅན་དུ་གྱུར་པས་ཐོན་འཕར་ཆེན་པོ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་11ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། དཔྱིད་རྨོད་ཀྱི་མཚམས་སུ་རྒྱལ་ཡོངས་ཀྱི་ཁག་གཉིས་པའི་ཞིང་ལས་སྐྱེ་དངོས་གཙོ་བོའི་ཐོན་སྐྱེད་བརྒྱུད་རིམ་ཧྲིལ་པོ་རྩ་བའི་ཆ་ནས་འཕྲུལ་ཆས་ཅན་དུ་གྱུར་པའི་དཔེ་སྟོན་རྫོང་དང་གྲོང་ཁྱེར་ཡིན་པའི་ཀྲེ་ཅང་དབྱི་ཝུར་མིག་སྔར་ཆུ་འབྲས་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཧྲིལ་པོ་རྩ་བའི་ཆ་ནས་འཕྲུལ་ཆས་ཅན་དུ་གྱུར་པ་དང་ཞིང་འཕྲུལ་སྒྲིག་ཆས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། དེ་དང་ཆབས་ཅིག་གྲོང་ཁྱེར་དེའི་སྔ་སྨིན་འབྲས་ཐོན་སྐྱེད་བྱེད་པའི་བརྒྱུད་རིམ་ནང་ཕྱོགས་ཡོངས་ནས་ཐོན་འབབ་མཐོ་བའི་སྤུས་ལེགས་ཀྱི་སོན་བཟང་དང་། སྔོན་ཐོན་ཞིང་ལས་ལག་རྩལ། ཐོན་འབབ་མཐོ་ལ་ལས་ཕྱོད་ཆེ་བའི་འདེབས་འཛུགས་བྱེད་ཐབས་བཅས་ཁྱབ་གདལ་ཡག་པོ་བཏང་ནས། དུས་ཐོག་ཏུ་ས་དཔྱད་ལུད་སྦྱོར་དང་། འདེབས་གསོའི་ལག་རྩལ་རྩེ་གྲ གནོད་འབུ་སྔོན་འགོག་སོགས་ཀྱི་སྔོན་ཐོན་གྱི་ལག་རྩལ་སྤྱད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།