འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་རྒྱལ་ཡོངས་བདེ་ཐང་གྲོང་ཁྱེར་གྱི་གདེང་འཇོག་དམིགས་ཚད་མ་ལག་གསར་
    ཤོས་ཡོངས་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་11ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན།  ཟླ་4ཚེས་9ཉིན་གསར་འགོད་པས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་འཆར་ཅན་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཤེས་རྟོགས་བྱས་པར། རྒྱལ་ཡོངས་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ཨུ་ལྷན་གྱིས་ཉེ་ཆར་《རྒྱལ་ཡོངས་བདེ་ཐང་གྲོང་ཁྱེར་གྱི་གདེང་འཇོག་དམིགས་ཚད་མ་ལག(2018ལོའི་པར་གཞི)》པར་འགྲེམས་བྱས་པ་དང་དམིགས་ཚད་དེ་རང་རྒྱལ་གྲོང་ཁྱེར་ཁག་གི་བདེ་ཐང་གྲོང་ཁྱེར་འཛུགས་སྐྲུན་ལས་དོན་འཕེལ་རིམ་ལ་དབྱེ་ཞིབ་དང་གདེང་འཇོག་བྱེད་པར་སྤྱད་དེ་གྲོང་ཁྱེར་དབར་བསྡུར་བ་དང་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་རྒྱུ་ཡིན་པ་རེད།
         རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་རིམས་ནད་སྔོན་འགོག་ཚོད་འཛིན་ཅུས(རྒྱལ་ཡོངས་རྒྱལ་གཅེས་འཕྲོད་བསྟེན་གཞུང་དོན་ཁང)ཀྱི་ཅུས་ཀྲང་མའོ་ཆུན་ཨན་གྱིས་ད་ཐེངས་ཡོངས་བསྒྲགས་བྱས་པའི་དམིགས་ཚད་མ་ལག་ནང་ཁྱོན་རིམ་པ་དང་པོའི་དམིགས་ཚད་5དང་། རིམ་པ་གཉིས་པའི་དམིགས་ཚད་20 རིམ་པ་གསུམ་གསུམ་པའི་དམིགས་ཚད་42བཅས་ཡོད་པ་རེད། དེའི་ནང་རིམ་པ་དང་པོའི་དམིགས་ཚད་ཀྱིས“བདེ་ཐང་ཁོར་ཡུག”དང་། “བདེ་ཐང་སྤྱི་ཚོགས” “བདེ་ཐང་ཞབས་ཞུ” “བདེ་ཐང་ཚོགས་སྤྱི” “བདེ་ཐང་རིག་གནས”བཅས་འཛུགས་སྐྲུན་ཁྱབ་ཁོངས་5ལ་ཕྱོགས་པ་དང་། རིམ་པ་གཉིས་པ་དང་གསུམ་པའི་དམིགས་ཚད་ཀྱིས་རང་རྒྱལ་གྲོང་ཁྱེར་འཕེལ་རྒྱས་ཁྲོད་ཀྱི་བདེ་ཐང་གནད་དོན་གཙོ་བོ་དང་དེ་བཞིན་དེའི་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་ལ་དམིགས་ཡོད་ཅེས་ངོ་སྤྲོད་བྱས།
         ཀྲུང་གོ་བདེ་ཐང་སློབ་གསོ་ལྟེ་གནས་ཀྱི་ཀྲུའུ་རེན་ལི་ཁྲང་ཉིང་གིས་2016ལོར་གདེང་འཇོག་ཐེངས་དང་པོ་བྱས་པའི་རྨང་གཞིའི་ཐོག་བཟོ་བཅོས་དང་འཐུས་སྒོ་ཚང་དུ་བཏང་ནས་གྲུབ་པའི་2018ལོའི་པར་གཞིའི་དམིགས་ཚད་མ་ལག་ནང“འཕྲོད་བསྟེན་ཆེན་པོ་དང་བདེ་ཐང་ཆེན་པོའི”འདུ་ཤེས་དང“བདེ་ཐང་སྲིད་ཇུས་ཚང་མའི་ནང་ཁྱབ་པའི”བྱེད་ཕྱོགས་དེ་བས་མངོན་ཡོད་པས་དེ་སྔའི་སྡེ་ཚན་གཞན་གྱི་སྔར་ཡོད་དམིགས་ཚད་ཁག་གཅིག་བདེ་ཐང་དང་འབྲེལ་བ་ཟབ་མོ་ཡོད་པའི་དམིགས་ཚད་དུ་བརྗེ་རྒྱུ་ཡིན་པ་དཔེར་ན།“མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོའི་ན་འདྲེས་སློབ་གྲྭར་ཞུགས་ཚད”དེ“སློབ་མའི་ལུས་གཤིས་ཀྱི་ལྟ་ཞིབ་ཚད་ལེན་ལེགས་ཚད”སོགས་ལ་བརྗེ་རྒྱུ་ཡིན་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།