འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཤིན་ཅང་གིས་རྨ་བྱ་གཙང་པོའི་ཆུ་སྐེད་དང་ཆུ་སྨད་རྒྱུད་ཀྱི་མུའུ་ཁྲི་ཡི་སྐམ་ཤས་ཆེ་བའི་སྦྱར་
    སྐྱར་ཆུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་11ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། ཤིན་ཅང་ལྷོ་རྒྱུད་ཀྱི་རྨ་བྱ་གཙང་པོའི་ཆུ་བེད་ལྟེ་བའི་ཆུ་སྒོ་དང་པོ་ཕྱེ་བས། དྲག་ཏུ་རྒྱུག་པའི་ཆུ་བོ་ཆུ་ལམ་བརྒྱུད་རྨ་བྱ་གཙང་པོའི་ཆུ་སྐེད་དང་ཆུ་སྨད་ཀྱི་མུའུ་ཁྲི་ཡི་སྐམ་ཤས་ཆེ་བའི་སྦྱར་སྐྱ་གླིང་དུ་རྒྱུགས་པ་དེ་ཐོག་ནས་2018ལོར་ཤིན་ཅང་གིས་རྨ་བྱ་གཙང་པོའི་སྣོད་བཅུད་ཆུ་འདྲེན་འགོ་བཙུགས་པ་མཚོན་གྱི་ཡོད།
         རྨ་བྱ་གཙང་པོའི་ཆུ་འགོ་ནི་ཀྲུང་གོའི་སྐམ་ས་ཆེ་མོའི་ཚྭ་མེད་མཚེའུ་ཆེ་ཤོས་ཏེ། པོ་སི་ཐེང་མཚེའུ་ཡིན་པ་དང་། ཆུ་བོ་དེ་ཁུར་ལི་གྲོང་ཁྱེར་དང་ཡུས་ལི་རྫོང་བརྒྱུད་མཐར་སྐད་གྲགས་ཡོད་པའི་ལོ་པུའུ་མཚོ་རུ་རྒྱུག་ཅིང་། དེའི་རིང་ཚད་སྤྱི་ལེ་942ཡོད་པ་རེད།
        2015ལོ་ནས་བཟུང་། ཤིན་ཅང་གིས་ལོ་གསུམ་བསྟུད་མར་རྨ་བྱ་གཙང་པོའི་ཆུ་སྐེད་དང་ཆུ་སྨད་རྒྱུད་ཀྱི་སྣོད་བཅུད་ཆུ་གསབ་ཀྱི་ལས་དོན་སྒྲིག་འཛུགས་ལག་བསྟར་བྱས་པ་དང་རིམ་རྩིས་བྱས་ན་སྣོད་བཅུད་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་7.32དྲངས་ཡོད། ཆུ་དྲངས་པ་བརྒྱུད་རྨ་བྱ་གཙང་པོའི་ཆུ་སྐེད་དང་ཆུ་སྨད་རྒྱུད་དུ་ཆུ་ནུས་ལྡན་ངང་གསབ་ཐུབ་པ་བྱུང་ཞིང་། གཙང་པོ་དང་བར་ཐག་སྨི་100ནས་སྨི་600བར་གྱི་སར་ས་འོག་ཆུའི་ཆུ་ཁ་སྨི་7.39དང་སྨི་0.54བར་འཕར་ཡོད་པས་སྦྱར་སྐྱ་གླིང་གི་སྣོད་བཅུད་རང་བྱུང་སླར་གསོ་བྱེད་ནུས་ལེགས་སུ་ཕྱིན་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།