འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཀོང་ཏུང་གིས་སྲིད་གཞུང་གི་མ་འཇོག་ལས་གྲྭར་ཟླ་རེ་བཞིན་ཞིང་པ་ལས་མིའི་གླ་ཆ་གྲངས་
    ཚང་ངང་100%སྤྲོད་དགོས་པའི་གཏན་འཁེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་11ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་《ཞིང་པ་ལས་མིའི་གླ་ཆ་སྤྲོད་རྒྱུ་འགན་ལེན་བྱ་རྒྱུའི་ལས་དོན་སྐོར་གྱི་ཀོང་ཏུང་ཞིང་ཆེན་གྱི་དཔྱད་ཞིབ་བྱ་ཐབས་》ཁྱབ་བསྒྲགས་བྱས་ཤིང་། བྱ་ཐབས་ལ་གཞིགས་ན། ཀོང་ཏུང་ཞིང་ཆེན་སྲིད་གཞུང་གིས་གླ་ཆ་སྤྲོད་པའི་འགན་ལེན་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་གླ་ཆ་སྤྲོད་པའི་བྱ་སྤྱོད་སྔར་བས་ཚད་ལྡན་ཡོང་བ་བྱས་ཏེ། ཁེ་ལས་ཀྱིས་ཟླ་རེ་བཞིན་གླ་ཆ་གྲངས་ཚང་ངང་སྤྲོད་རྒྱུར་སྐུལ་འདེད་བཏང་ནས་80%ཡན་གྱི་སྐྲུན་བཞིན་པའི་ལས་གྲྭའི་རྣམ་གྲངས་ལ་ཟླ་རེའི་གླ་ཆ་གྲངས་ཚང་ངང་སྤྲོད་དགོས་པ་དང་། སྲིད་གཞུང་གི་མ་འཇོག་ལས་གྲྭའི་རྣམ་གྲངས་ལ་ཟླ་རེ་བཞིན་གླ་ཆ་གྲངས་ཚང་100%སྤྲོད་དགོས་ཀྱི་ཡོད།
         དཔྱད་ཞིབ་བྱ་ཐབས་ནང་ད་དུང་ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་སྤྱིའི་འགན་གཙང་ལེན་མཁན་ཁེ་ལས་ཀྱིས་སྤྱིའི་འགན་གཙང་ལེན་མཁན་དང་ཁག་བགོས་འགན་གཙང་ལེན་མཁན་ཁེ་ལས་ཀྱིས་འགན་འཁྲི་ཐད་ཀར་འཁུར་བའི་ལམ་ལུགས་དོན་འཁྱོལ་བྱེད་དགོས་པ་དང་། ཁེ་ལས་ལ་ཁྲིམས་བཞིན་ངལ་རྩོལ་གན་རྒྱ་འཇོག་རྒྱུར་སྐུལ་འདེད་བཏང་ནས་སྐྲུན་བཞིན་པའི་ལས་གྲྭའི་རྣམ་གྲངས་ཀྱི་ངལ་རྩོལ་གན་རྒྱ་བཞག་ཚད་85%ཡན་ཟིན་པ་བྱེད་དགོས་པ། ངལ་རྩོལ་ལས་མི་སྤྱོད་པའི་དོ་དམ་ཚད་ལྡན་ཡོང་བ་བྱས་ནས་ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་སུ་ཞིང་པ་ལས་མིའི་མིང་ངོ་མ་འགོད་པའི་ལམ་ལུགས་ཀྱི་དོ་དམ་བྱེད་པ་དང་མིང་ངོ་མ་འགོད་པའི་ལམ་ལུགས་ཀྱི་དོ་དམ་དེ་སྐྲུན་བཞིན་པའི་ལས་གྲྭའི་རྣམ་གྲངས་ལ་ཁྱབ་པར་བྱེད་དགོས་པ། དངུལ་ཁང་གིས་ཚབ་བྱས་ནས་གླ་ཆ་སྤྲོད་པའི་ལམ་ལུགས་ལ་སྐུལ་འདེད་བཏང་ནས་ལས་གྲྭའི་འཛུགས་སྐྲུན་ཁྱབ་ཁོངས་སུ་ཁག་བགོས་འགན་གཙང་ལེན་མཁན་ཁེ་ལས་ཀྱིས་སྤྱིའི་འགན་གཙང་ལེན་མཁན་ཁེ་ལས་ལ་མངགས་བཅོལ་བྱས་ནས་ཞིང་པ་ལས་མིར་ཐད་ཀར་གླ་ཆ་ཚབ་སྤྲོད་ཀྱི་ལམ་ལུགས་ལག་ལེན་བསྟར་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།
         དཔྱད་ཞིབ་བྱ་ཐབས་ནང་བསྟན་དོན། ཁྲིམས་ལྟར་གླ་ཆ་འགྱངས་ཆད་ཀྱི་བྱེད་སྤྱོད་ལ་བཅོས་སྒྲིག་བྱས་ནས་ངལ་རྩོལ་འགན་ལེན་ལྟ་ཞིབ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཞིང་པ་ལས་མིར་གླ་ཆ་སྤྲོད་རྒྱུར་ལྟ་ཞིབ་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། ཞུ་གཏུག་ཐེར་འདོན་བྱེད་ལམ་ཤར་བགྲོད་ཡོང་བ་བྱེད་པའི་སྒོ་ནས་ཞུ་གཏུག་ཐེར་འདོན་གྱི་གྱོད་གཞི་མཉམ་འགུལ་ཐག་གཅོད་ལམ་ལུགས་བཙུགས་ནས་དོན་འཁྱོལ་བྱེད་དགོས་པ་དང་། “བབ་བསྟུན་གཉིས”ཀྱི་ཐོག་ནས་འཐེན་བཤེར་དང་གཙོ་གནད་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ་ཟུང་འབྲེལ་གྱི་རྒྱུན་གཏན་སྐོར་གཟིགས་ཀྱི་ཞིབ་བཤེར་ལམ་ལུགས་དོན་འཁྱོལ་བྱས་ཏེ་གྲོང་ཁྱེར་ནང་ཁུལ་དུ་ས་ཁུལ་སྒྲོལ་བའི་ཁྲིམས་འཛིན་མཐུན་སྦྱོར་ལམ་སྲོལ་འཛུགས་དགོས་པ། གླ་ཆ་ཆད་པའི་གྱོད་གཞི་མགྱོགས་མྱུར་ཁྲུན་གཅོད་དང་ཞིབ་གཅོད་ཀྱི་ལམ་སྲོལ་བཟོས་ཏེ་གླ་ཆ་ཆད་པའི་རྩོད་གཞིའི་གྱོད་གཞི་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས་པའི་ནན་བཤད་བྱས་ཡོད།
         དེ་དང་ཆབས་ཅིག བྱ་ཐབས་ནང་ད་དུང་དུས་བཀག་གི་ལྟ་སྐུལ་ཞིབ་བཤེར་ལམ་ལུགས་བཙུགས་ནས་རྫོང(གྲོང་ཁྱེར་དང་ཆུས)སྲིད་གཞུང་གིས་ཞིང་པ་ལས་མིར་གླ་ཆ་སྤྲོད་རྒྱུ་འགན་ལེན་གྱི་ལས་དོན་ཐད་དུས་བཀག་ལྟར་ལྟ་སྐུལ་ཞིབ་བཤེར་དང་། གླ་ཆ་ཆད་པའི་གནད་དོན་ཐོན་མང་བ་དང་ཐེར་འདོན་ཞུ་གཏུག་བྱེད་མང་བའི་ས་ཁུལ་ལ་གཙོ་གནད་ཐོག་ལྟ་སྐུལ་ཞིབ་བཤེར་བྱས་ནས་མཉམ་སྡེབ་ཀྱི་གླ་ཆ་ཆད་པ་དང་གླ་ཆ་ཚབས་ཆེན་ཆད་པའི་ཁྲིམས་འགལ་གྱི་གྱོད་གཞིའི་ཐད་བྱང་བུ་བཀལ་ནས་བསྒྲུབ་རྒྱུར་ལྟ་སྐུལ་བྱེད་དགོས་པ་བསྟན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།