འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ལེ་པ་ནོན་དུ་བསྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔོན་དམག་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི
    "ཞི་བདེའི་གཟི་བརྗིད་གཟེངས་རྟགས"ཐོབ་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་10ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།ལེ་པ་ནོན་དུ་བསྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔོན་དམག་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི
'ཞི་བདེའི་གཟི་བརྗིད་གཟེངས་རྟགས'ཐོབ་པ།
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་6ཉིན། ལེ་པ་ནོན་ལྷོ་རྒྱུད་ཀྱི་ཤིན་ཉི་ཡཱ་གྲོང་ཚོར་ཡོད་པའི་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེའི་ནུས་མང་བཟོ་སྐྲུན་དམག་ཡན་ལག་རུ་ཁག་གི་སྒར་ཁུལ་དུ། ལེ་པ་ནོན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དཔུང་སྡེའི་སི་ལིང་པིར་ལིས(མདུན་གྱི་གཡོན)ལེ་པ་ནོན་དུ་བསྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེ་ཁག་བཅུ་དྲུག་པའི་བཀོད་འདོམས་དཔོན་ཧོང་ཡུན་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི“ཞི་བདེའི་གཟི་བརྗིད་གཟེངས་རྟགས”སྤྲོད་པའི་གནས་ཚུལ་ཡིན་པ།
         ལེ་པ་ནོན་དུ་བསྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེ་ཁག་བཅུ་དྲུག་པར་གཟི་བརྗིད་གཟེངས་རྟགས་སྤྲོད་པའི་མཛད་སྒོ་ཚེས་6ཉིན་ལེ་པ་ནོན་ལྷོ་རྒྱུད་ཀྱི་ཤིན་ཉི་ཡཱ་གྲོང་ཚོར་ཡོད་པའི་ནུས་མང་བཟོ་སྐྲུན་དམག་ཡན་ལག་རུ་ཁག་གི་སྒར་ཁུལ་དུ་འཚོགས་ཤིང་། ཞི་བདེ་སྲུང་སྐྱོང་བྱེད་མཁན་དཔོན་དམག་410ཚང་མར“ཞི་བདེའི་གཟི་བརྗིད་གཟེངས་རྟགས”ཐོབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།