འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ནི་ཀྲེ་རི་ཡའི་གྲུ་ཁ་ཆེ་མོ་སྐྲུན་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་04ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    འགོ་ཚུགས་མཛད་སྒོའི་དར་ཚོན་བྲེག་བཞིན་པ།
    འགོ་ཚུགས་མཛད་སྒོའི་དར་ཚོན་བྲེག་བཞིན་པ།
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་ཀྲུང་གོའི་མཚོ་ཁུག་བཟོ་སྐྲུན་ཚད་ཡོད་འགན་འཁྲི་ཀུང་སིས་སྐྲུན་འགན་འཁུར་བའི་ནི་ཀྲེ་རི་ཡའི་ལའེ་ཅིའི་གྲུ་ཁ་ཆེ་མོའི་རྣམ་གྲངས་འགོ་ཚུགས་ཀྱི་དར་ཚོན་བྲེག་པའི་མཛད་སྒོ་དེ་ལ་ཀོ་སིའི་ལའེ་ཅི་རང་མོས་ཚོང་དོན་ཁུལ་དུ་འཚོགས་པ་རེད། ནི་ཀྲེ་རི་ཡའི་ཙུང་ཐུང་གཞོན་པ་ཨོ་ཤིན་པ་ཆའོ་མཛད་སྒོར་ཞུགས་པ་དང་འབྲེལ་རྣམ་གྲངས་དེར་ནི་ཀྲེ་རི་ཡའི་དཔལ་འབྱོར་འཕེལ་རྒྱས་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་པས་རྒྱལ་ཕྲན་མཉམ་འབྲེལ་དང་ཀྲོའུ་སྲིད་གཞུང་གིས་དགོས་ངེས་ཀྱི་རྒྱབ་སྐྱོར་བྱས་ཏེ་རྣམ་གྲངས་བདེ་བླག་ངང་ལག་ལེན་བསྟར་རྒྱུར་འགན་ལེན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
         རྣམ་གྲངས་ལེགས་གྲུབ་བྱུང་རྗེས་ལའེ་ཅི་གྲུ་ཁ་འདི་ཉིད་སླད་ཕྱིན་ཨ་ཧྥེ་རི་ཁ་ནུབ་མའི་གྲུ་ཁ་ཆེ་ཤོས་སུ་གྱུར་ནས་ས་ཁོངས་ཕལ་པའི་གྲུ་ཁ་ཧྲིལ་པོར་འགག་རྩའི་ནུས་པ་ཐོན་རྒྱུ་ཡིན་པ་དང་སླད་ཕྱིན་མི་ཁྲི་17ཐད་ཀར་དང་གཞན་བརྒྱུད་གང་རུང་གི་ཐོག་ནས་ལས་ཞུགས་ཀྱི་གོ་སྐབས་ཐོབ་རྒྱུ་རེད།
         ལ་ཀོ་སི་ནི་ནི་ཀྲེ་རི་ཡའི་དཔལ་འབྱོར་གྱི་ལྟེ་གནས་ཡིན་པ་མ་ཟད་ཨ་ཧྥེ་རི་ཁ་ནུབ་མའི་གྲོང་ཁྱེར་ཆེ་ཤོས་ཀྱང་ཡིན་པས་དེའི་དཔལ་འབྱོར་གྱི་ཐོན་སྐྱེད་རིན་ཐང་གིས་རྒྱལ་ཡོངས་ཀྱི་ཕྱེད་ཙམ་བཟུང་གི་ཡོད། ད་ལྟ་ལ་ཀོ་སིའི་གྲུ་ཁ་ཁག་གི་ཆུའི་གཏིང་ཚད་དམའ་བས་ཟོག་འདྲེན་གྲུ་གཟིངས་ཆུང་གྲས་ལས་ཁ་བཀག་ཐུབ་ཀྱི་མེད་པས་དངོས་ཟོག་འདོན་འཇུག་གི་ནུས་པ་དེ་ཙམ་ཆེན་པོ་མེད།
    ད་ལྟ་སྐྲུན་བཞིན་པའི་ལའེ་ཅིའི་གྲུ་ཁ་ཆེ་མོའི་ཆུ་རགས།
    ད་ལྟ་སྐྲུན་བཞིན་པའི་ལའེ་ཅིའི་གྲུ་ཁ་ཆེ་མོའི་ཆུ་རགས།
      

    ཕྱོགས་བསྡུས་གསར་འགྱུར།