འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱིས་“ཁེ་ལས་བརྒྱས་གྲོང་ཚོ་བརྒྱར་རོགས་སྐྱོར་བྱེད་པའི”
    གནད་སྨིན་དབུལ་སྐྱོར་ལས་དོན་གཏིང་ཟབ་སྤེལ་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་04ཉིན། 11:18】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། བོད་ཀྱི་ལྷོ་ཁ་གྲོང་ཁྱེར་གྱིས“ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱར་རོགས་སྐྱོར་བྱེད་པའི”གནད་སྨིན་དབུལ་སྐྱོར་གྱི་ལས་དོན་གཏིང་ཟབ་སྤེལ་ནས། ཁོངས་མིའི་ཁེ་ལས་དེའི་ནང་ཞུགས་རྒྱུར་སྐུལ་འདེད་བཏང་བ་དང་སྤྱི་དབང་མིན་པའི་ཁེ་ལས་ཀྱིས་དཔེ་མཚོན་ལ་རོགས་སྐྱོར་བྱེད་པའི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་ཁེ་ལས་འཐབ་ས་དང་པོར་བསྐྱོད་དེ་ལས་མི་སྤྱོད་པའི་དགོས་མཁོ་མཐིལ་རྟོགས་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད། མིག་སྔའི་བར་གྲོང་ཁྱེར་ཡོངས་ཀྱི“ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱར་རོགས་སྐྱོར་བྱེད་པར”གནད་སྨིན་དབུལ་སྐྱོར་གྱི་ལས་དོན་ནང་དམངས་གཉེར་ཁེ་ལས་199ཞུགས་པ་དང་དུད་ཚང་དབུལ་པོ་1745ལ་སྐུལ་ཁྲིད་བྱས་པ། མི་འབོར་དབུལ་པོ་6980ལ་སྐུལ་ཁྲིད་བྱས་པ། ཁེ་ལས་ཀྱིས་མ་དངུལ་སྒོར་ཁྲི་3501བཏང་བ་རེད།
         མིག་སྔའི་བར་ལྷོ་ཁ་གྲོང་ཁྱེར་གྱི་ཁེ་ལས་13ཐོན་ལས་རོགས་སྐྱོར་ནང་ཞུགས་པ་དང་། རྣམ་གྲངས་19ལག་བསྟར་བྱས་པ། ཁེ་ལས་ཀྱིས་མ་དངུལ་སྒོར་ཁྲི་144.7བཏང་བ། མི་འབོར་དབུལ་པོ་240ལ་རོགས་སྐྱོར་ཐོབ་པ་བཅས་རེད། ཁེ་ལས་44ལས་ཞུགས་རོགས་སྐྱོར་བྱས་པ་དང་། རྣམ་གྲངས་46ལག་བསྟར་བྱས་པ། ཁེ་ལས་ཀྱིས་མ་དངུལ་སྒོར་ཁྲི་839.1བཏང་བ། མི་འབོར་དབུལ་པོ་1368ལ་རོགས་སྐྱོར་ཐོབ་པ་བཅས་རེད། ཁེ་ལས་127སྤྱི་ཕན་རོགས་སྐྱོར་ནང་ཞུགས་པ་དང་། རྣམ་གྲངས་232ལག་བསྟར་བྱས་པ། ཁེ་ལས་ཀྱིས་མ་དངུལ་སྒོར་ཁྲི་2476.5བཏང་བ། མི་5291ལ་རོགས་སྐྱོར་ཐོབ་པ་བཅས་རེད། ཁེ་ལས་15རྩལ་ནུས་རོགས་སྐྱོར་ནང་ཞུགས་པ་དང་། རྣམ་གྲངས་15ལག་བསྟར་བྱས་པ། ཁེ་ལས་ཀྱིས་མ་དངུལ་སྒོར་ཁྲི་40.4བཏང་བ། མི་81ལ་རོགས་སྐྱོར་ཐོབ་པ་བཅས་རེད།
     
      

    ཕྱོགས་བསྡུས་གསར་འགྱུར།