འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།སུམ་རྩེན་རྟགས་ཅན་ཨང་དང་པོའི་དམིགས་ཚད་འཕུར་སྐྱོད་ཡོ་བྱད་སླར་ཡང་རླུང་ཁམས་ཆེ་
    མོར་འཛུལ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་04ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་2ཉིན་གསར་འགོད་པས་ཀྲུང་གོ་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭའི་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་གསལ། པེ་ཅིང་འཇིག་རྟེན་འཕུར་སྐྱོད་ཚོད་འཛིན་ལྟེ་གནས་དང་འབྲེལ་ཡོད་སྒྲིག་ཁོངས་ཀྱིས་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ་བྱས་པ་བརྒྱུད། ཟླ་4ཚེས་2ཉིན་གྱི་ཆུ་ཚོད་8དང་སྐར་མ་15ཙམ་ལ་སུམ་རྩེན་རྟགས་ཅན་ཨང་དང་པོའི་དམིགས་ཚད་འཕུར་སྐྱོད་ཡོ་བྱད་སླར་ཡང་རླུང་ཁམས་ཆེ་མོར་འཛུལ་བ་དང་། སླར་ཡང་ལྷོ་ཞི་བདེ་རྒྱ་མཚོའི་དབུས་རྒྱུད་ས་ཁོངས་སུ་སླེབས་པ་དང་ཡོ་བྱད་ཕལ་ཆེ་བ་རླུང་ཁམས་ཆེ་མོའི་ནང་སླར་ཡང་འཛུལ་བའི་བརྒྱུད་རིམ་ནང་འཚིག་ནས་འཐོར་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།