འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་བརྩམས་ཆོས་བོད་ལྗོངས་སུ་སྐོར་འགྲེམས་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་04ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། “བོད་རིགས་ཀྱི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག‘སྨན་གསར་ལུགས་ཀྱི་ཐང་ག’དེང་གི་མཚོན་བྱེད་རང་བཞིན་གྱི་བརྩམས་ཆོས་བརྒྱ་ལྷག་ཙམ་བོད་ལྗོངས་ནང་ཁུལ་གྱི་ཉིང་ཁྲིར་འགྲེམས་སྟོན”ཞེས་པ་ཉིན་ཤས་གོང་ཉིང་ཁྲི་གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་ཁང་དུ་འགོ་ཚུགས་པ་དང་ད་ཐེངས་ཀྱི་འགྲེམས་ཡུན་ཁྱོན་ཉིན་7ཡིན་པ་རེད། འགྲེམས་སྟོན་བྱེད་རིང་། སྨན་གསར་ལུགས་ཀྱི་ཐང་ག་རྩེ་གྲ་དང་། གོས་གྲུབ་ཐང་ག གཙགས་གྲུབ་ཐང་ག་བཅས་ཕུད་ད་དུང་རི་མོའི་སྒྱུ་རྩལ་དང་། ལོ་རྒྱུས་པར་རིས། ཆེད་དོན་པར་གཞི་སོགས་བྱེད་ཐབས་མང་པོའི་ཐོག་ནས་འགྲེམས་སྟོན་དང་སྤེལ་རེས་བྱས་ཡོད་པ་རེད།
          ད་ཐེངས་ཀྱི་ཐང་གའི་འགྲེམས་སྟོན་འདི་ཉིང་ཁྲི་གྲོང་ཁྱེར་གྱི་སྐབས་བཅུ་དྲུག་པའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་གྱི་བྱེད་སྒོ་གལ་ཆེན་གྲས་ཤིག་ཡིན་ལ། ཉིང་ཁྲིས་སྤེལ་ཐེངས་དང་པོ་ཡིན་པའི་གཞི་ཁྱོན་ཆེ་ཤོས་དང་། ཆེད་ལས་ཅན། སྒྱུ་རྩལ་ཆུ་ཚད་མཐོ་བ། ལྟད་མོའི་རང་བཞིན་ཆེ་བ་བཅས་ཀྱི་ཐང་གའི་འགྲེམས་སྟོན་ཞིག་ཀྱང་ཡིན་པས། མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་བོད་ཀྱི་མངོན་མིན་རིག་གནས་ཤུག་བཞག་སྲུང་སྐྱོང་དང་རྒྱུན་འཛིན་གྱི་གྲུབ་འབྲས་དྲིལ་བསྒྲགས་རྒྱ་ཁྱབ་བྱ་རྒྱུར་ནུས་པ་གལ་ཆེན་ཐོན་ཐུབ།
         སྐོར་འགྲེམས་ཡོངས་ཀྱི་དུས་ཡུན་ལོ་གཉིས་ཡིན་པ་སྟེ་2018ལོའི་ཟླ་3ནས་2019ལོའི་ལོ་མཇུག་བར་སྤེལ་རྒྱུ་རེད། སྐོར་འགྲེམས་ཁྱོན་ཁག་7ལ་ཕྱེ་ནས་བོད་ཀྱི་ས་ཁུལ(གྲོང་ཁྱེར)བདུན་ལ་ཁྱབ་ཡོད། སྐོར་འགྲེམས་ཀྱི་དུས་ཚོད་དེ་ས་ཁུལ(གྲོང་ཁྱེར)བདུན་དུ་ལོ་ལྟར་སྤེལ་བའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་བྱེད་སྒོའི་དུས་དང་བསྟུན་ནས་སྤེལ་རྒྱུ་དང་མཇུག་སྒྲིལ་སྐོར་འགྲེམས་2019ལོའི་ལོ་མཇུག་གོང་གཞིས་རྩེའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་རིང་སྤེལ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།