འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།དྭངས་གསལ་དུས་ཚིགས་ལ་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུས་ནས་སློབ་མའི་བློ་ལ་ལོ་
    རྒྱུས་བརྟན་པོ་ངེས་པ་བྱས།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་03ཉིན། 13:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། 2018ལོའི་ཟླ་4ཚེས་1ཉིན་དྭངས་གསལ་དུས་ཚིགས་མ་ཤར་གོང་། ཨན་ཧུའེ་ཞིང་ཆེན་ཧྥུའུ་དབྱང་གྲོང་ཁྱེར་གྱི་མཐོ་སློབ་དང་སློབ་གྲྭ་འབྲིང་ཆུང་ཁག་གཅིག་གིས་རྒྱ་ཆེའི་དགེ་སློབ་སྒྲིག་འཛུགས་བྱས་ཏེ་ཧྥུའུ་དབྱང་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་དུ་མྱ་ངན་ཞུ་བ་དང་དུར་མཆོད་དེ་བཞིན་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བྱེད་སྒོ་སྤེལ་ཏེ་སྔོན་གཤེགས་དཔའ་བོར་རྗེས་དྲན་ཟབ་མོ་ཞུ་བ་དང་། རྒྱལ་གཅེས་རིང་ལུགས་དར་སྤེལ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བསྟར་བ། ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ། སློབ་སྦྱོང་ཧུར་ཐག་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།