འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི“མཚོ་འབྲུག་11000”ཆུར་འཛུལ་ཡོ་བྱད་ཀྱི་སྨི་2000རིམ་པའི་
    མཚོ་གཏིང་ཚོད་ལྟ་ལེགས་གྲུབ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་03ཉིན། 13:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོས་རང་བརྟེན་ཞིབ་བཟོ་བྱས་པའི་“མཚོ་འབྲུག་11000”སྨི་ཁྲི་རིམ་པའི་མི་མེད་ཆུར་འཛུལ་ཡོ་བྱད་ཀྱིས་ཚེས་1ཉིན་སྨི་2000རིམ་པའི་མཚོ་གཏིང་ཚོད་ལྟ་བརྒྱུད་སྨི་2605ཟིན་པའི་མཚོར་འཛུལ་བ་རེད།
         པེ་ཅིང་གི་དུས་ཚོད་ཆུ་ཚོད་10དང་སྐར་མ་30ཡི་ཐོག“མཚོ་འབྲུག་11000”དེ་ནུབ་ཞི་བདེ་རྒྱ་མཚོ་ཆེ་མོར་2018ལོའི་ཕྱོགས་བསྡུས་ཀྱི་མཚོ་གཏིང་ཚོད་ལྟའི་ལས་འགན་སྒྲུབ་བཞིན་པའི“རྒྱ་མཚོ་ཆེ་མོ་ཨང་དང་པོའི”གྲུ་ཨ་མ་ཆུའི་ནང་འཛུལ་ནས་འཕྱོ་ལྒང་མང་དུ་བསྣན་རྗེས་མཚོ་གཏིང་དུ་འཛུལ་འགོ་ཚུགས་པ་དང་ཆུ་ཚོད་12དང་སྐར་མ་15ཡི་ཐོག་གཏིང་ཚད་སྨི་2000སར་སླེབས། ལས་སྒྲུབ་མི་སྣས་དེར་ཕྱོགས་ཡོངས་དང་ཆ་ཚང་བའི་རྣམ་པའི་ཞིབ་བཤེར་དང་ནུས་པའི་ཚོད་ལྟ་བྱས་རྗེས“མཚོ་འབྲུག་11000”མུ་མཐུད་མཚོ་གཏིང་དུ་འཛུལ་བ་རེད། གཏིང་ཚད་སྨི་2605ཡི་སར་སླེབས་རྗེས“མཚོ་འབྲུག་11000”ཚུར་བསྡུ་འགོ་ཚུགས་ནས་ཆུ་ཚོད་14དང་སྐར་མ་15ཡི་ཐོག་བདེ་བླག་ངང་གྲུ་གཅལ་ཐོག་ལོག་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།