འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།སླར་ཡང《གླིང་སྒྲུང》སྒྲུང་དཔེ་གསར་པ་བཞི་པར་འགྲེམས་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་03ཉིན། 13:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། འཛམ་གླིང་གི་དཔའ་བོའི་ལོ་རྒྱུས་སྙན་ངག་རིང་ཤོས་《གླིང་སྒྲུང་》མྱུར་སྐྱོབ་དང་སྲུང་སྐྱོང་ལས་དོན་ལ་ཕན་འབྲས་ཆེན་པོ་ཐོན་ནས། དམངས་ཁྲོད་སྒྲུང་པ་སྒེར་གྱི་ཁྱད་ཆོས་མཚོན་པའི་གླིང་སྒྲུང་དེབ་གསར་པ་བཞི་པར་འགྲེམས་བྱས་པ་རེད།
          ཐེངས་འདིར་པར་འགྲེམས་བྱས་པའི་སྒྲུང་དཔེ་བཞི་ནི་《ཞེ་ཡུའི་ཁྱི་རྫོང》《མཐིང་གླིང་གཡུལ་འགྱེད》《བྱང་གནམ་ཁྲི་ལུག་རྫོང》《ཁ་རོང་གསེར་རྫོང》བཅས་ཡིན་ལ། ད་བར་དཔེ་ཚོགས་དེའི་དཔེ་ཆ་14པར་འགྲེམས་བྱས་ཚར་བ་རེད།
         《དམངས་ཁྲོད་སྒྲུང་པ་སྒེར་གྱི་ཁྱད་ཆོས་མཚོན་པའི་གླིང་སྒྲུང་》དཔེ་ཚོགས་ནི་2009ལོར་པར་འགྲེམས་བྱེད་འགོ་ཚུགས་ཤིང་། དཔེ་ཚོགས་ཧྲིལ་པོར་ཁྱོན་ཡིག་འབྲུ་ཁྲི་400ལྷག་ཙམ་ཡོད་པ་དང་། འཆར་གཞི་ལྟར་ན་རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་དམངས་ཁྲོད་སྒྲུང་པ་བཅུ་བཞི་ཡི་སྒེར་གྱི་སྒྲུང་ཚན་20བསྡུ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།