འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།རི་འཛེགས་ཀྱི་ལམ་འཁྲིད་པ་དང་མཉམ་ལས་པ་2018ལོའི་ཇོ་རིའི་བྱང་ངོས་ནས་འཛེགས་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་03ཉིན། 12:32】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། རི་འཛེགས་ཀྱི་ལམ་འཁྲིད་པ་དང་མཉམ་ལས་པ་80ལྷག་ཙམ་ལྷ་ས་ནས་ཇོ་རིའི་བྱང་ངོས་ཀྱི་སྒར་ས་ཆེ་མོར་བསྐྱོད་ཅིང་། ཁོང་ཚོ་ཟླ་4ཚེས་1ཉིན་སྒར་ས་ཆེ་མོར་སླེབས་པ་དང་ཆབས་ཅིག་རི་འཛེགས་གོང་གི་གྲ་སྒྲིག་ལས་དོན་སྤེལ་བ་དེ་ཐོག་ནས་2018ལོའི་ཇོ་རིའི་བྱང་ངོས་ནས་དངོས་སུ་འཛེགས་འགོ་ཚུགས་པ་མཚོན་ཡོད།
         འདི་ལོ་པེ་ཅིང་སློབ་ཆེན་རི་འཛེགས་རུ་ཁག་གི་རུ་མི་ཚུད་པའི་རྒྱལ་ནང་གི་རི་འཛེགས་པ་27གྱིས་ཟླ་5ཚེས་5ནས་20ཉིན་བར་ཁག་ཐེངས་གཉིས་དབྱེ་ནས་ཇོ་རིའི་རི་རྩེར་ཚོད་ལྟའི་རི་འཛེགས་བྱ་རྒྱུ་རེད། དེ་ཡང་ད་བར་རྒྱལ་ནང་རི་འཛེགས་པ་ཇོ་རིའི་བྱང་ངོས་ནས་ཚོང་ལས་རི་འཛེགས་རྣམ་པའི་ཐོག་ནས་ཇོ་རིའི་རྩེ་མོར་འཛེགས་རྒྱུའི་ཚོད་ལྟ་བྱེད་མཁན་མང་ཤོས་ཀྱི་རི་འཛེགས་དུས་ཚིགས་ཤིག་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཇོ་རིའི་བྱང་ངོས་ཀྱི་སྒར་ས་ཆེ་མོར་འདི་ལོ་ཁོར་ཡུག་སྲུང་སྐྱོང་གི་གསང་སྤྱོད་བསྐྲུན་རྒྱུ་དང་ཆབས་ཅིག ཆུ་གསོག་མཐོ་ལྕོག་དང་ཆུ་རྫིང་སྒྲིག་སྦྱོར་བྱས་ཏེ་རི་འཛེགས་པར་སྟབས་བདེ་བསྐྲུན་རྒྱུ་ཡིན་ཞིང་། ཟོག་རོ་ཚང་མ་གཅིག་སྡུད་ཐོག་སྒར་ས་ནས་འཁྱེར་རྒྱུ་རེད། རི་ངོས་ཀྱི་འཁྱག་རོམ་ཆུ་བེད་སྤྱོད་གཏོང་ཉུང་དུ་གཏོང་ཆེད་རྒྱལ་ནང་གི་ཚོང་ལས་རི་འཛེགས་རུ་ཁག་གིས་ས་བབ་མཐོ་ཚད་སྨི་6500ཡི་སར་ཁ་ལག་མི་བཟོ་བར་སྒར་ས་ཆེ་མོ་ནས་བཟོས་ཏེ་འཁྱེར་ཡོང་ནས་མདུན་སྐྱོད་བྱེད་སར་ཚ་པོ་བཟོ་རྒྱུ་རེད། གཞན་ཡང་རི་འཛེགས་དོ་དམ་སྡེ་ཚན་གྱིས་ཟླ་ལྔ་པར་ཇོ་རིའི་ཁོར་ཡུག་གཙང་མ་བཟོ་རྒྱུ་རེད།
         ཇོ་རིའི་བྱང་ངོས་སྒར་ས་ཆེ་མོར་གཞུང་ལམ་ཤར་གཏོང་ཐུབ་པ་དང་ཆབས་ཅིག 2017ལོའི་ཟླ་4པར་གློག་དྲ་ནས་གཅིག་སྡུད་ཐོག་གློག་འདོན་ཐུབ་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།