འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིང་བྲན་གྱི་བུ་ཕྲུག་ནས་རྒྱལ་ཁབ་ཀྱི་ལས་བྱེད་པའི་བར་གྱི་ལོ་ཟླ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་03ཉིན། 13:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གིས“3·28”ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་59འཁོར་བར་དྲན་གསོ་ཞུ་ཆེད་གཉེར་བའི་སྐད་འཕྲིན་གྱི་པར་རིས་འཚོལ་བསྡུ་བྱེད་རིང་། འདེམས་ཤོག་འཕེན་མང་ཤོས་ཀྱི་པར་རིས་ནི་ཚོན་ཁྲ་མིན་པའི་འདྲ་པར་ནང་ངོས་སུ་སྙིང་སྟོབས་རབ་ཏུ་འཕེལ་ཞིང་། ལང་ཚོ་དར་ལ་བབ་པའི་གཞོན་ནུ་ཞིག་ཡིན་པ་དང་། ཚོན་ཁྲ་ཅན་གྱི་འདྲ་པར་ངོས་སུ་རྫིག་ཉམས་དོད་པའི་ཕོ་གཞོན་ཞིག་ཡོད་པ་དེ་རེད། “ཞིང་བྲན་གྱི་བུ་ཕྲུག་ཅིག་ནས་འགོ་ཁྲིད་ལས་བྱེད་པར་འཚར་ལོངས་བྱུང་བའི་བར”ཞེས་པའི་རྩོམ་ཡིག་གི་འགོ་བརྗོད་ལ་ལྟ་སྐབས། དུས་སྐབས་བརྒལ་བའི་ཡ་མཚན་གྱི་སྣང་བ་ཞིག་ལས་གསར་འགོད་པས་པར་རིས་ནང་གི་མི་སྣ་གཙོ་བོ་བུ་བཟང་ལ་ཁ་པར་ཞིག་བརྒྱབ་པ་ཡིན།
         བུ་བཟང་2016ལོར་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་དཔལ་འབྱོར་མྱུལ་ཞིབ་སྤྱི་ཁྱབ་རུ་ཁག་གི་ཐིང་རིམ་པའི་ཆབ་སྲིད་ཨུ་ཡོན་གཞོན་པའི་ལས་གནས་ནས་རྒན་ཡོལ་ཞུས་རྗེས། ད་ཆ་ཁྲེང་ཏུར་ངལ་གསོ་བཞིན་བུ་མོའི་ཕྲུ་གུ་ལྟ་རོགས་བྱེད་བཞིན་ཡོད་པ་རེད།
         1975ལོའི་ཟླ་6ཚེས་1ཉིན། ཕྱིར་སྐྱོད་མྱོང་མེད་པའི་གཞོན་ནུ་དེས་བློ་མི་བདེ་ཞིང་སེམས་འགུལ་ཐེབས་བཞིན་དུ་རླངས་འཁོར་ལ་བསྡད་དེ་ལྷ་སར་ཡོང་བ་དང་། དེ་ནས་ཁྲེང་ཏུར་བསྐྱོད། དེ་ནི་ཉིན་21རིང་གི་ལམ་ཚད་ཅིག་རེད། “སྐབས་དེ་དུས་ཀྱི་འགྲིམ་འགྲུལ་ཆ་རྐྱེན་ཞན་པོ་ག་ཚོད་ཡོད་པ་བསམ་བློར་འཁོར་བ་ཙམ་གྱིས་ཤེས་ཐུབ། ད་ལྟ་ལྷ་ས་ནས་ཁྲེང་ཏུའུ་བར་གནམ་གྲུར་བསྡད་ན་ཆུ་ཚོད་གཉིས་ལས་འགོར་གྱི་མེད་པ་དང་། མེ་འཁོར་ལ་བསྡད་ནའང་ཉིན་གཉིས་ལས་འགོར་གྱི་མེད”ཅེས་བུ་བཟང་གིས་མྱོང་ཚོར་ཟབ་མོས་བཤད།
         པེ་ཅིང་དུ་འབྱོར་སྐབས། རྒྱ་ཡིག་དང་བོད་ཡིག་གཉིས་ཀ་མི་ཤེས་པའི་བུ་བཟང་གིས་དཀའ་སྤྱད་སྙིང་རུས་ལ་བརྟེན་ནས་སྐབས་དེའི་སློབ་མ་200ལྷག་ཙམ་ཁྲོད་ཀྱི་རྩེར་སོན་ཞིག་ལ་གྱུར། 1977ལོར་སློབ་གྲྭ་ཐོན་སྐབས་ཁོང་སློབ་གྲྭ་དེར་ཉར་ནས་རྗེས་སུ་བོད་ལྗོངས་འཛིན་གྲྭའི་སློབ་མ་མུ་མཐུད་གསོ་སྐྱོང་བྱེད་མཁན་ལ་བདམས།
         ལྷ་སར་མ་ལོག་གོང་བུ་བཟང་གིས་གནམ་བདེ་སྒོ་མོའི་ཐང་ཆེན་དུ་ལངས་ནས་སྙིང་སྟོབས་རབ་ཏུ་འཕེལ་བཞིན་དུ་པར་དེ་བརྒྱབ། པར་དེའི་ནང་ལུག་རྫི་བ་ཆུང་ཆུང་ཞིག་པེ་ཅིང་དུ་སྐྱོད་པའི་དགའ་སྤྲོ་མཚོན་ལ། ཞིང་བྲན་གྱི་བུ་ཕྲུག་ཞིག་རྒྱལ་ཁབ་ཀྱི་ལས་བྱེད་པར་གྱུར་པའི་བར་གྱི་ལས་དབང་ལ་འགྱུར་ལྡོག་བྱུང་བའང་མཚོན་གྱི་ཡོད།
         ཀྲུང་གོ་མི་དམངས་སྤྱི་བདེ་སློབ་ཆེན་གྱི་རྒྱལ་སྒོའི་མདུན་དུ་བརྒྱབ་པའི་ཚོན་ཁྲ་ཅན་གྱི་པར་དེ་ནི་2003ལོར་བུ་བཟང་སྤྱི་བདེ་པུའི་མྱུལ་ཞིབ་གསོ་སྦྱོང་འཛིན་གྲྭར་ཞུགས་སྐབས་བརྒྱབ་པ་ཞིག་རེད། ལོ་དེར་ཁོང་ནི་སྤྱི་བདེ་ཐིང་ཉེས་དོན་མྱུལ་ཞིབ་སྤྱི་ཁྱབ་རུ་ཁག་གི་སྤྱི་ཁྱབ་རུ་དཔོན་ཡིན་པ་དང་། པར་དེའི་ནང་ཁོང་གི་གཟི་བརྗིད་དང་འགན་འཁྲི་དེ་བས་མངོན་གྱི་ཡོད།
         ལོ་བཅུ་ཕྲག་འགའ་ཤས་ཡུད་ཙམ་དུ་འདས་མོད། འོན་ཀྱང་བུ་བཟང་གིས་ལོ་17སྐབས་ཀྱི་དམ་བཅའ་དེ་དུས་ནམ་ཡང་བློ་ལ་བརྟན་པོར་ངེས་པ་སྟེ། ཞིང་བྲན་ལ་ཡར་ལངས་བཅིངས་འགྲོལ་ཐོབ་པ་དང་འཚོ་བ་གསར་པ་ཞིག་སྐྱེལ་རྒྱུ་བྱུང་བ་དང་། ཏང་དང་རྒྱལ་ཁབ་ཀྱིས་རང་ཉིད་དང་འདྲ་བའི་མི་རྣམས་ཀྱི་ལས་དབང་ལ་འགྱུར་ལྡོག་བཏང་བ། རང་ཉིད་དང་འདྲ་བའི་མི་རྣམས་ལ་མི་ཚེའི་གོ་སྐབས་ཤིག་སྦྱིན་གནང་ཡོད། དེར་བརྟེན་ཁོང་གིས་ངེས་པར་དུ་ཤེས་བྱ་ཡོན་ཏན་སྦྱངས་ནས་ཕ་ཡུལ་འཛུགས་སྐྲུན་དང་རྒྱལ་ཁབ་འཛུགས་སྐྲུན་ཆེད་སོ་སོས་འབུལ་འོས་པའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་པ་དེ་རེད།
      

    ཕྱོགས་བསྡུས་གསར་འགྱུར།