འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་ཐཱན་གྱི་ཤུགས་ཚད་གཅོག་པའི་དམིགས་ཚད་ཚད་བརྒལ་ངང་ལེགས་སྒྲུབ་
    བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་30ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རང་རྒྱལ་གྱིས་2020ལོར་སླེབས་སྐབས་ཀྱི་ཐཱན་གྱི་ཤུགས་ཚད་གཅོག་པའི་དམིགས་ཚད་ཚད་གཞི་ལས་བརྒལ་བའི་ངང་ལེགས་སྒྲུབ་བྱས་ཤིང་། མིག་སྔར་རྒྱལ་ཡོངས་ཀྱི་ཐཱན་ཕྱིར་འབུད་དབང་ཆའི་སྤེལ་རེས་ཁྲོམ་རའི་མ་ལག་བསྐྲུན་འགོ་ཚུགས་ཡོད་པ་རེད། འདི་ནི་ཚེས་26ཉིན་ཧྲང་ཧའེ་རུ་འཚོགས་པའི་སྐབས་གཉིས་པའི་ལྗང་མདོག་ཐཱན་འཕེལ་རྒྱས་དབུ་ཚོགས་ཐོག་ནས་སྤེལ་བའི་ཆ་འཕྲིན་ཞིག་རེད།
         ཀྲུང་གོའི་གནམ་གཤིས་འགྱུར་ལྡོག་ལས་དོན་གྱི་དམིགས་བསལ་འཐུས་མི་ཤེ་ཀྲེན་ཧྭ་ཡིས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་སྐབས་རང་རྒྱལ་གྱིས་གནམ་གཤིས་འགྱུར་ལྡོག་གི་ལས་དོན་ལ་ཁ་གཏད་གཅོག་པའི་ལས་དོན་ཏན་ཏིག་ངང་སྤེལ་ནས་རྒྱལ་ཡོངས་ཀྱི་ཐཱན་ཕྱིར་འབུད་སྤེལ་རེས་མ་ལག་བདེ་བླག་ངང་སྤྱད་པས་ཐྭན་གྱི་ཤུགས་ཚད་གཅོག་པའི་དམིགས་ཚད་ཚད་བརྒལ་ངང་ལེགས་གྲུབ་ཐུབ་ཡོད། 2017ལོར། རང་རྒྱལ་གྱི་ཐཱན་གྱི་ཤུགས་ཚད་ལོ་གོང་མ་ལས་5.1%ཆག་པ་དང་། 2005ལོ་ལས་རིམ་རྩིས་ལྟར་ན་ཧ་ལམ་46%ཙམ་ཆག་ཡོད། རང་རྒྱལ་གྱིས་ཕྱི་ཕྱོགས་སུ་ཁས་ལེན་བྱས་པ་ནི་2020ལོར་སླེབས་སྐབས་ཐཱན་གྱི་ཤུགས་ཚད་40%ནས་45%བར་གཅོག་རྒྱུ་རེད་ཅེས་བརྗོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། རང་རྒྱལ་གྱིས་2011ལོ་ནས་བཟུང་། ཧྲང་ཧའེ་ཚུད་པའི་ཞིང་ཆེན་དང་གྲོང་ཁྱེར་7ལ་ཐཱན་ཕྱིར་འབུད་དབང་ཆའི་སྤེལ་རེས་ཚོད་ལྟའི་ལས་དོན་སྤེལ་འགོ་ཚུགས་པ་དང་། དེའི་ནང་གློག་ཤུགས་དང་། ངར་ལྕགས། ཨར་འདམ་སོགས་ཀྱི་ལས་རིགས་མང་པོ་ཚུད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།