འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།སློབ་གསོ་པུས་རང་བརྟེན་སློབ་བསྡུའི་བསླུ་བྲིད་རིགས་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་
    དགོས་པའི་བླང་བྱ་བཏོན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་30ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར། མཐོ་སློབ་ཀྱི་རྒྱུགས་བསྡུའི་ཁོར་ཡུག་སྔར་བས་ལེགས་སུ་བཏང་ནས་སློབ་གསོ་དྲང་གཞག་ལ་སྲུང་སྐྱོང་བྱེད་ཆེད། སློབ་གསོ་པུས་ཡིག་ཆ་འགྲེམས་སྤེལ་བྱས་ཏེ་རང་བརྟེན་སློབ་བསྡུ་བྱེད་རིང་གི་བསླུ་བྲིད་རིགས་ལ་རྡུང་རྡེག་དང་དོགས་ཟོན་མཐའ་གཅིག་ཏུ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
         མཚམས་སྦྱོར་སྒྲིག་གཞིས་ཁས་ལེན་ཐུབ་པ་དང་། ཡིག་རྒྱུགས་གོང་གི་ཟུར་ཁྲིད། ཁེ་བེད་བདག་ཐོབ་ཀྱི་དཔྱད་རྩོམ་ཟེར་བ་མཁོ་འདོན་བྱེད་པ་ལ་སོགས་པའི་མིང་ཐོག་ནས་དྲིལ་བསྒྲགས་རྫུས་མ་དང་། རྒྱུ་ནོར་བསྡུ་ལེན། རྒྱུན་གཏན་མཐོ་སློབ་ཀྱི་རང་བརྟེན་སློབ་བསྡུའི་གོ་རིམ་ལ་འགོག་རྐྱེན་བཟོ་བ་བཅས་ཀྱི་སྣང་ཚུལ་ལ་དམིགས་ཏེ། སློབ་གསོ་པུས་མཐོ་སློབ་ལ་རང་བརྟེན་སློབ་བསྡུའི་ཐོབ་ཐང་ཞིབ་དཔྱད་དང་རྒྱུགས་ལེན་ལས་དོན་སྤེལ་སྟངས་སྔར་བས་ནན་ཏུ་གཏོང་དགོས་ཤིང་། མིང་ཐོ་འགོད་པའི་ཆ་རྐྱེན་ནན་ཏུ་གཏོང་དགོས་པ་དང་། དཔྱད་གཞིའི་ཡིག་རིགས་ལ་ཞིབ་དཔྱད་བྱེད་སྟངས་ནན་དུ་གཏོང་དགོས་པ། སློབ་གྲྭའི་དཔྱད་ཞིབ་བྱེད་སྟངས་ནན་དུ་གཏོང་དགོས་པ། ལྟ་སྐུལ་ཚོད་འཛིན་བྱེད་སྟངས་ནན་དུ་གཏོང་དགོས་པ། རྫུན་བཟོ་བྱས་རིགས་ལ་ཆད་གཅོད་ནན་པོ་གཅོད་དགོས་པ་བཅས་ཀྱི་བླང་བྱ་ཁག་ལྔ་བཏོན་པ་རེད།
         མཐོ་སློབ་ཀྱི་རང་བརྟེན་སློབ་བསྡུ་ནི་རྒྱལ་ཁབ་ཀྱི་སློབ་གསོ་ཡིག་རྒྱུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད། སློབ་གསོ་པུས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་རང་བརྟེན་སློབ་བསྡུ་དང་འབྲེལ་ལམ་བཙུགས་པའི་ཁ་བསླུས་དང་མི་བདེན་རྫུན་སྒྲིག་གི་བྱེད་སྤྱོད་རིགས་ལ་རྡུང་རྡེག་ཚ་ནན་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།