འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ལྕགས་དང་ངར་ལྕགས་བཟོ་ལས་མཐུན་ཚོགས་ཀྱིས་ཨ་རིའི་ཚོང་དོན་སྲུང་སྐྱོང་ནི་རང་མེད་མི་མེད་
    བཟོ་བའི་བྱེད་སྟངས་ཤིག་ཡིན་པས་ཡོ་རོབ་མནའ་འབྲེལ་གྱིས་དེར་ལད་མོ་བྱེད་མི་ཉན་ཞེས་བསྟན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་30ཉིན། 12:10】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཨ་རིས་ནང་འདྲེན་བྱས་པའི་ལྕགས་དང་ངར་ལྕགས་ཐོན་རྫས་ལ་ནང་འདྲེན་དཔྱ་ཁྲལ་25%བསྡུ་རྒྱུ་ཡིན་པ་བཏོན་པའི་རྗེས། ཉེ་ཆར་ཡོ་རོབ་མནའ་འབྲེལ་གྱིས་ཀྱང་ནང་འདྲེན་བྱས་པའི་ལྕགས་དང་ངར་ལྕགས་ཐོན་རྫས་འགན་སྲུང་བྱེད་ཐབས་ཀྱི་བརྟག་དཔྱད་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པར་བརྟེན། ཚེས་28ཉིན་ཀྲུང་གོའི་ལྕགས་དང་ངར་ལྕགས་བཟོ་ལས་མཐུན་ཚོགས་ཀྱིས་དེ་ནི་ཨ་རིས་རྙོག་དྲ་བསླངས་ནས་གནད་དོན་རྙོག་འཛིང་ཆེ་རུ་གཏོང་བའི་བྱེད་ཐབས་ཤིག་ཡིན་པ་དང་། ཡོ་རོབ་མནའ་འབྲེལ་གྱི་གཏན་འབེབས་དེས་རྒྱལ་སྤྱིའི་ལྕགས་དང་ངར་ལྕགས་ཁྲོམ་རའི་བདེ་འཇགས་མེད་པ་དང་བརྟན་པོ་མེད་པའི་རང་བཞིན་ཆེ་རུ་འགྲོ་རྒྱུ་རེད་ཅེས་བརྗོད།
        “ཀྲུང་གོའི་ལྕགས་དང་ངར་ལྕགས་ཀྱི་ཐོན་ནུས་གཅོག་པའི་ཕན་འབྲས་མངོན་པ་དེས་གོ་ལ་ཧྲིལ་པོའི་ལྕགས་དང་ངར་ལྕགས་ཀྱི་ཁྲོམ་ར་རིམ་བཞིན་སླར་གསོ་བྱུང་ནའང་། ཉེ་དུས་ཨ་རི་དང་ཡོ་རོབ་མནའ་འབྲེལ་གྱི་བྱེད་ཐབས་དེས་རྒྱལ་སྤྱིའི་ཚོང་དོན་སྒྲིག་ལམ་ཟང་ཟིང་བཟོ་སྲིད”ཅེས་ཀྲུང་གོའི་ལྕགས་དང་ངར་ལྕགས་བཟོ་ལས་མཐུན་ཚོགས་ཀྱི་ཏང་ཨུད་ཀྱི་ཧྲུའུ་ཅི་དྲུང་ཆེ་ལིའུ་ཀྲེན་ཅང་གིས་དེ་ལྟར་བཤད་པ་དང་། ཁོང་གིས“ང་ཚོས་ཨ་རིས་ནང་འདྲེན་བྱེད་པའི་ལྕགས་དང་ངར་ལྕགས་ལ་དཔྱ་ཁྲལ་བསྡུ་བའི་བྱེད་ཐབས་ཀྱི་ཤུགས་རྐྱེན་ལ་ཡོ་རོབ་མནའ་འབྲེལ་གྱིས་ཚོད་སྐོར་ནན་པོ་བྱས་ནས་འགན་སྲུང་བྱེད་ཐབས་སྤྱོད་རྒྱུར་གཟབ་ནན་བྱེད་དགོས་པའི་རེ་བ་བྱེད་ཀྱི་ཡོད”ཅེས་བཤད།
         ལིའུ་ཀྲེན་ཅང་གིས་ཀྲུང་གོའི་ལྕགས་དང་ངར་ལྕགས་བཟོ་ལས་མཐུན་ཚོགས་ཀྱིས་ཡོ་རོབ་ལྕགས་དང་ངར་ལྕགས་མནའ་འབྲེལ་དང་རྒྱལ་ཁབ་ཁག་གི་ལྕགས་དང་ངར་ལྕགས་མཐུན་ཚོགས་དེ་བཞིན་ཁེ་ལས་དབར་གྲོས་མོལ་དང་འབྲེལ་ལམ་ཟབ་ཏུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་མཉམ་དུ་རྒྱལ་སྤྱིའི་ལྕགས་དང་ངར་ལྕགས་ཀྱི་ཁྲོམ་ར་བརྟན་པོ་ཡོང་རྒྱུར་སྲུང་སྐྱོང་བྱེད་འདོད་ཡོད་པ་མ་ཟད། ཀྲུང་གོའི་ལྕགས་དང་ངར་ལྕགས་བཟོ་ལས་མཐུན་ཚོགས་ཀྱིས་ཀྲུང་གོ་སྲིད་གཞུང་གིས་དགོས་ངེས་སྐབས་དེ་མཚུངས་ཀྱི་བྱེད་ཐབས་བཏོན་ནས་ནང་འདྲེན་བྱེད་པའི་ལྕགས་དང་ངར་ལྕགས་ཐོན་རྫས་ཀྱིས་ཀྲུང་གོའི་ཁྲོམ་རར་ཕོག་ཐུག་ཡོང་བར་དོགས་ཟོན་བྱས་ནས་ཁྲོམ་ར་བརྟན་པོ་ཡོང་བ་དང་ཀྲུང་གོའི་ལྕགས་དང་ངར་ལྕགས་ཁེ་ལས་ཀྱི་ཁེ་ཕན་སྲུང་སྐྱོང་ཐུབ་པའི་འབོད་སྐུལ་ཡང་ཞུ་རྒྱུ་ཡིན་ཞེས་བཤད།
         ཨ་རིས་ནང་འདྲེན་བྱེད་པའི་ལྕགས་དང་ངར་ལྕགས་ཐོན་རྫས་ལ་ཁྱོན་ཡོངས་ནས་དཔྱ་ཁྲལ་25%མཐོ་རུ་གཏོང་རྒྱུའི་གཏན་འབེབས་ཁྱབ་བསྒྲགས་བྱས་པར་དམིགས་ནས་ལིའུ་ཀྲེན་ཅང་གིས“དེ་ནི་ཨ་རིས་རྒྱལ་ནང་གི་ལྕགས་དང་ངར་ལྕགས་ཐོན་ལས་སྲུང་སྐྱོང་ལ་ཁ་གཡར་ནས་སྤེལ་བའི་ཚོང་དོན་སྲུང་སྐྱོང་རིང་ལུགས་ཀྱི་བྱ་སྤྱོད་ཅིག་ཡིན་པས། WTOཡི་སྒྲིག་སྲོལ་གཏོར་བཤིག་བཏང་བ་དང་རྒྱལ་སྤྱིའི་ཚོང་དོན་སྒྲིག་ལམ་ཟང་ཟིང་བཟོས་པ་ཞིག་ཡིན་པས། བྱ་སྤྱོད་དེ་གོ་ལ་ཧྲིལ་པོའི་ལྕགས་དང་ངར་ལྕགས་ཐོན་ལས་ཀྱི་ངོས་ནས་བརྗོད་ན་གནོད་འཚེ་ཞིག་ཡིན་ལ་ལྕགས་དང་ངར་ལྕགས་ཀྱི་ཐོན་རྫས་ཀྱི་འཛད་སྤྱོད་པ་དང་ཡང་སྒོས་སུ་ཨ་རིའི་འཛད་སྤྱོད་པའི་ཁེ་ཕན་ལ་གནོད་སྐྱོན་ཚབས་ཆེན་བཟོས་པ་ཞིག་ཡིན་པས་རང་མེད་མི་མེད་བཟོ་བའི་བྱེད་སྟངས་ཤིག་རེད”ཅེས་བརྗོད། 
      

    ཕྱོགས་བསྡུས་གསར་འགྱུར།