མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཚོགས་
འདུ་ཐེངས་དང་པོ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་30ཉིན། 13:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཟླ་3ཚེས་28ཉིན་གྱི་ཕྱི་དྲོར་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་ནན་བཤད་གནང་དོན། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་ཟབ་ཏུ་གཏོང་འགོ་ཁྱོན་ཡོངས་ནས་ཚུགས་པ་དེའི་ཐོག་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ་དེ་དུས་མཚམས་གསར་པ་ཞིག་ཏུ་སླེབས་ནས། སྒྱུར་བཅོས་ལས་གཏིང་རིམ་གྱི་ཁེ་ཕན་གནས་སྟངས་སྙོམས་སྒྲིག་དང་ལམ་ལུགས་མ་ལག་གི་སྒྱུར་བཅོས་ལ་སྔར་བས་ཤུགས་རྐྱེན་ཐེབས་རྒྱུ་དང་ཆབས་ཅིག སྒྱུར་བཅོས་ཀྱི་རྙོག་འཛིང་རང་བཞིན་དང་། ཚོར་སྐྱེན་རང་བཞིན། དཀའ་ཚེགས་རང་བཞིན་བཅས་ཀྱང་སྔར་བས་མངོན་གསལ་དོད་དུ་འགྲོ་རྒྱུ་ཡིན་པ་མཚོན་ཡོད་པས། ཏང་གིས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་སྤྱི་འདོམས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་དང་དེ་ལེགས་སུ་བཏང་སྟེ། ལས་ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ནས་སྒྱུར་བཅོས་ལས་དོན་ལ་སྐུལ་འདེད་གཏོང་དགོས།
         ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་ཁེ་ཆང་དང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
         ཚོགས་འདུའི་ཐོག་《ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ལས་དོན་སྒྲིག་སྲོལ་》དང་། 《ཀྲུང་དབྱང་གི་ཕྱོགས་ཡོངས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཆེད་དོན་ཚོགས་ཆུང་གི་ལས་དོན་སྒྲིག་སྲོལ》 《ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གཞུང་དོན་ཁང་གི་ལས་དོན་ཞིབ་སྲོལ་》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
         ཚོགས་འདུའི་ཐོག་《སྒྲིག་བཤེར་དང་ལྟ་ཞིབ་ལམ་ལུགས་སྒྱུར་བཅོས་དང་ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་སྙན་ཞུ་》དང་《རེས་སྐོར་གསར་པའི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཕྱོགས་སྡོམ་དང་གོམ་སྟབས་རྗེས་མའི་ལས་དོན་བསམ་གཞིག་སྐོར་གྱི་སྙན་ཞུ་》ལ་གྲོས་ཞིབ་བྱས་པ་རེད།
         ཚོགས་འདུའི་ཐོག་《ཞིབ་བཤེར་མཆན་འགོད་ཞབས་ཞུ་དམངས་ལ་སྟབས་བདེ་ཅན་དུ་བསྒྱུར་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》དང་། 《ཧྲང་ཧའེ་དངུལ་རྩའི་ཁྲིམས་ཁང་འཛུགས་རྒྱུའི་སྐོར་གྱི་ཇུས་གཞི》 《རྒྱལ་སྤྱིའི་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་ལེགས་སྒྲིག་ནང་ཞུགས་པའི་ལམ་སྲོལ་ཆགས་པར་བྱས་ནས་རྒྱལ་སྤྱིའི་དཔལ་འབྱོར་བཅོས་སྐྱོང་གྲུབ་ཆ་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》 《ཀྲུང་གོ(ཀོང་ཏུང)རང་མོས་ཚོང་དོན་ཚོད་ལྟ་ཁུལ་སྒྱུར་བཅོས་སྒོ་དབྱེ་བྱ་རྒྱུ་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཇུས་གཞི》 《ཀྲུང་གོ(ཐེན་ཅིན)རང་མོས་ཚོང་དོན་ཚོད་ལྟ་ཁུལ་སྒྱུར་བཅོས་སྒོ་དབྱེ་བྱ་རྒྱུ་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཇུས་གཞི》 《ཀྲུང་གོ(ཧྥུའུ་ཅན)རང་མོས་ཚོང་དོན་ཚོད་ལྟ་ཁུལ་སྒྱུར་བཅོས་སྒོ་དབྱེ་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཇུས་གཞི》 《དངུལ་རྩའི་སྒྲིག་གཞིའི་མ་རྩ་དོ་དམ་ལས་སྒོ་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》《དངུལ་རྩ་མ་ཡིན་པའི་ཁེ་ལས་ཀྱིས་དངུལ་རྩའི་སྒྲིག་གཞིར་མ་རྩ་འཇོག་པའི་ཐད་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》 《གཞུང་ཁོངས་ཁེ་ལས་ཀྱི་གླ་ཆ་གཏན་འབེབས་ལམ་སྲོལ་སྒྱུར་བཅོས་བྱ་རྒྱུའི་སྐོར་གྱི་བསམ་འཆར》 《སྤྱི་བདེ་ལས་ཁུངས་ཀྱི་ཁྲིམས་བསྟར་ལས་སྒྲུབ་ཉེན་རྟོག་པའི་གོ་གནས་རིམ་པ་སྒྱུར་བཅོས་ཇུས་གཞི(ཚོད་བསྟར)》 《སྤྱི་བདེ་ལས་ཁུངས་ཀྱི་ཉེན་དོན་ལག་རྩལ་གོ་གནས་རིམ་པ་སྒྱུར་བཅོས་ཇུས་གཞི(ཚོད་བསྟར)》 《རྣམ་གྲངས་དཔྱད་ཞིབ་དང་། ཤེས་ལྡན་པར་གདེང་འཇོག སྒྲིག་གཞི་ཚོད་སྐོར་བཅས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ》 《ཚན་ཞིབ་ཡིད་རྟོན་འཛུགས་སྐྱོང་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ》 《གཞུང་བཙུགས་སྨན་ཁང་གི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》 《མི་དམངས་འདུམ་འགྲིག་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
         ཚོགས་འདུའི་ཐོག་བསྟན་དོན། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་ལས་ཁུངས་ཀྱི་ནང་བཙུགས་ལས་ཁུངས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་ནི། རྒྱལ་ཁབ་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་དངོས་ཤིག་ཡིན།
         ཚོགས་འདུའི་ཐོག་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། ཏང་ཀྲུང་དབྱང་གིས་རེས་སྐོར་གསར་པའི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་སྤེལ་ནས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་དངོས་འཛིན་བཙན་འཐབ་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།
         ཚོགས་འདུའི་ཐོག་ད་དུང་ལས་དོན་གཞན་དག་སྐོར་ནན་བཤད་དང་བཀོད་སྒྲིག་བྱས་པ་རེད།