འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་ཅིན་ཀྲེང་ཨེན་ཀྲུང་གོར་འཚམས་འདྲིར་ཕེབས་པ་
    ནི་ཁྲའོ་ཀྲུང་གི་མཛའ་གྲོགས་འབྲེལ་བ་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི
    "གོ་སྐབས་གལ་ཆེན"ཞིག་རེད་ཅེས་བརྗོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་30ཉིན། 11:23】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་28ཉིན་ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་ཁྲའོ་ཞན་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་རྒྱལ་དོན་ཨུ་ལྷན་གྱི་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་ཀྲུང་གོར་འཚམས་འདྲིར་ཕེབས་པའི་སྐོར་གྱི་གནས་ཚུལ་མང་པོ་གཏོང་སྤེལ་བྱས་པ་དང་། ད་རེས་འཚམས་འདྲིར་ཕེབས་པ་དེ་ནི་ཁྲའོ་ཀྲུང་གི་མཛའ་གྲོགས་འབྲེལ་བ་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི“གོ་སྐབས་གལ་ཆེན”ཞིག་རེད་ཅེས་བརྗོད་ཡོད་པ་རེད།
         ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གདན་ཞུས་ལྟར་ཅིན་ཀྲེང་ཨེན་ཟླ་3ཚེས་25ཉིན་ནས་28ཉིན་བར་ཀྲུང་གོར་དངོས་གཞི་མིན་པའི་འཚམས་འདྲི་གནང་བར་ཕེབས་པ་རེད།
         ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས“ཁྲའོ་ཀྲུང་མཛའ་གྲོགས་དེ་བས་མཐོ་བའི་དུས་མཚམས་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་བའི་ལོ་རྒྱུས་རང་བཞིན་གྱི་བྱ་བ”ཞེས་འགོ་བརྗོད་དུ་འཁོད་པའི་འཕྲིན་སྤེལ་ནང་། ལོ་རྒྱུས་ཡུན་རིང་གི་རྨང་གཞི་ལྡན་པའི་སྲོལ་རྒྱུན་གྱི་ཁྲའོ་ཀྲུང་མཛའ་གྲོགས་སྔར་བས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བ་དང་། དེ་ཉིད་དུས་རབས་གསར་པའི་བླང་བྱ་དང་འཚམ་པར་བྱས་ནས་དེ་བས་མཐོ་བའི་དུས་མཚམས་གསར་པར་སླེབས་པར་བྱ་ཆེད། ཅིན་ཀྲེང་ཨེན་གྱིས་ལོ་རྒྱུས་རང་བཞིན་ལྡན་པའི་ངང་ཀྲུང་གོར་འཚམས་འདྲི་ཐོག་མར་གནང་བར་ཕེབས་པས། ཀྲུང་གོའི་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་སྤྲོ་སེམས་འཁོལ་བའི་དགའ་བསུ་དང་ལྷག་བསམ་རྣམ་དག་གིས་སྣེ་ལེན་གཟབ་རྒྱས་ཞུས་ཡོད་ཅེས་བརྗོད་ཡོད་པ་རེད།
         འཕྲིན་སྤེལ་ནང་ད་རེས་འཚམས་འདྲིར་ཕེབས་པ་ནི་ཁྲའོ་ཀྲུང་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པ་རྒན་རབས་ཚོས་བཏོད་གནང་བའི་སྤོབས་པ་སྐྱེ་འོས་པའི་ལོ་རྒྱུས་དང་སྲོལ་རྒྱུན་རྒྱུན་འཛིན་དང་། དེ་བས་མཐོ་བའི་དུས་མཚམས་གསར་པར་ཕྱོགས་ཏེ་ཁྲའོ་ཀྲུང་གི་མཛའ་གྲོགས་འབྲེལ་བ་རྒྱ་ཆེ་འཕེལ་རྒྱས་གཏོང་བའི“གོ་སྐབས་གལ་ཆེན”ཞིག་ཏུ་འགྱུར་ཡོད་ཅེས་གདེང་འཇོག་གནང་ཡོད་པ་རེད།
         འཚམས་འདྲི་གནང་རིང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་གི་ཡང་ཡོན་ཀྲའེ་རུ་ཅིན་ཀྲེང་ཨེན་དང་སྐུ་ཟླ་ལི་ཞོལ་ཀྲུའུ་ལ་ཉིན་དགུང་གསོལ་ཚིགས་བཤམས་གནང་བ་རེད། ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་ཉིན་དགུང་གསོལ་ཚིགས་དེ“ཁྱིམ་ཚང་གི་རྣམ་པ”ལྟར་གྱི་ཁྲོད་བཤམས་པ་དང་དེའི་རིང“ཐོག་མཐའ་བར་གསུམ་དུ་མཛའ་ཞིང་བརྩེ་བ”ཞིག་ཡོད་ཅེས་འཕྲིན་སྤེལ་བྱས་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།