འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།རིམ་པ་དང་པོར་སྤར་བའི་རིག་ཚན་གྱི་འབུམ་རམས་པའི་ས་ཚིགས་655ཡི་མིང་ཐོ་ཁྱབ་
    བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་30ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གནས་ཨུ་ཡོན་ལྷན་ཁང་གིས་2017ལོའི་ཞིབ་བཤེར་གཏན་འབེབས་དང་གསར་དུ་བསྣན་པའི་འབུམ་རམས་པ་དང་རབ་འབྱམས་པའི་སློབ་གནས་དབང་སྤྲོད་ས་ཚིགས་ཀྱི་མིང་ཐོ་བཀྲམ་ནས། རིམ་པ་གཉིས་པའི་རིག་ཚན་གྱི་འབུམ་རམས་པའི་ས་ཚིགས་283རིམ་པ་དང་པོའི་རིག་ཚན་གྱི་འབུམ་རམས་པའི་ས་ཚིགས་སུ་སྤར་བ་དང་། རིམ་པ་དང་པོའི་རིག་ཚན(ཆེད་ལས་སློབ་གནས)གྱི་འབུམ་རམས་པའི་ས་ཚིགས་372གསར་སྣོན་བྱས་ནས་ཁྱོན་ས་ཚིགས་655ཡོད་པ་རེད། དེ་དང་དུས་མཚུངས། རིམ་པ་གཉིས་པའི་རིག་ཚན་གྱི་འབུམ་རམས་པའི་ས་ཚིགས་རིམ་པ་དང་པོའི་རིག་ཚན་གྱི་འབུམ་རམས་པའི་ས་ཚིགས་སུ་སྤར་ཡོད། རིག་ཚན་ཁྱབ་རྒྱ་ཆེ་རུ་བཏང་རྐྱེན་རིམ་པ་དང་པོའི་རིག་ཚན་གྱི་འབུམ་རམས་པའི་ས་ཚིགས་ཁྱབ་ཁོངས་ནང་གི་རིམ་པ་གཉིས་པའི་རིག་ཚན་གྱི་འབུམ་རམས་པའི་ས་ཚིགས་མུ་མཐུད་འཇོག་རྒྱུ་མིན་པས་རིམ་པ་གཉིས་པའི་རིག་ཚན་གྱི་འབུམ་རམས་པའི་ས་ཚིགས་321འོས་འཚམ་ངང་ཉུང་དུ་ཕྱིན་ཡོད་པ་རེད།
         རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གནས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་དང་སློབ་གསོ་པུའི་སློབ་གནས་དོ་དམ་དང་ཞིབ་འཇུག་སློབ་མའི་སློབ་གསོ་སིའི་འབྲེལ་ཡོད་འགན་འཁུར་བས་ཞིང་ཆེན་ཁག་གིས་འོས་སྦྱོར་དང་དཔྱད་གཞིར་ཞིབ་བསྡུར་བྱས་པ་བརྒྱུད། རིགས་གཅིག་མཁས་ཅན་གྱི་བསྐྱར་ཞིབ་བརྒྱུད་རིམ་ནང་ཚུད་པའི་གསར་དུ་འཕར་བའི་འབུམ་རམས་པའི་ས་ཚིགས་1429ཡོད་པའི་ཁྲོད་བསྐྱར་ཞིབ་དང་ཡོངས་བསྒྲགས་བྱས་རིགས་655དང་ཞིབ་བཤེར་ཚད་ལོན་ཚད་45.8%ཟིན་ཡོད། ད་ཐེངས་ཀྱི་སློབ་གནས་དབང་སྤྲོད་དང་ཞིབ་བཤེར་གཏན་འབེབས་དེ་ཆ་རྐྱེན་གྱི་ཚད་གཞི་དང་། སྲིད་ཇུས་ཀྱི་སྟོན་ཕྱོགས། རིགས་གཅིག་མཁས་ཅན་གྱི་ལམ་སྲོལ་སོགས་ཐད་གསར་འཕར་གྱི་འབུམ་རམས་པ་དང་རབ་འབྱམས་པའི་སློབ་གནས་དབང་སྤྲོད་ས་ཚིགས་ལ་རེ་བ་ནན་པོ་བཏོན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།