འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ནམ་ཡང་ཏང་གི་རྗེས་སུ་འབྲངས། མཉམ་དུ་ཀྲུང་གོའི་ཕུགས་འདུན་སྒྲུབ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་27ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་25ཉིན། གཞོན་ནུ་དང་སློབ་མའི་འཐུས་མིས་《པེ་ཅིང་དུ་རྒྱུགས་འབུལ་ལ་བསྐྱོད་པའི་ལམ་བུ། ཤིས་པའེ་ཕོ་ནས་པེ་ཕིང་བར་》ཞེས་པའི་འགྲེམས་པང་ཐོག་མིང་རྟགས་བཀོད་དེ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་གི་རྗེས་སུ་འབྲང་རྒྱུ་དང་མཛེས་སྡུག་ལྡན་ལ་འབྱོར་ཕྱུག་གི“ཀྲུང་གོའི་ཕུགས་འདུན”སྔ་ཙམ་མངོན་འགྱུར་ཆེད་འབད་འཐབ་ལྷོད་མེད་བྱ་རྒྱུའི་རང་ཉིད་ཀྱི་ཆོད་སེམས་མཚོན་པར་བྱས་པ་རེད། དེ་ཉིན“ཐོག་མའི་བསམ་འདུན་མ་བརྗེད་པར་ཏང་གི་རྗེས་སུ་འབྲངས། གསར་བརྗེའི་ས་བོན་ནམ་ཡང་རྒྱུན་འཛིན་བྱེད”ཅེས་པའི་ཀྲུང་གུང་ཀྲུང་དབྱང་ཤང་ཧྲན་དུ་བཅའ་སྡོད་བྱས་ནས་ལོ་69འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞི་སྟེ། ཤང་ཧྲན་སྤྱི་གླིང་ཧྲོང་ཆིང་སྤྲོ་ཁང་དུ་སྤེལ་བ་རེད།
         1949ལོའི་ཟླ་3ཚེས་25ཉིན། བློ་མཐུན་མའོ་ཙེ་ཏུང་གིས་ཀྲུང་གུང་ཀྲུང་དབྱང་དང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་པུའི་སྣེ་ཁྲིད་དེ་ཧོ་པེ་ཞིང་ཆེན་ཕིང་ཧྲན་རྫོང་ཤིས་པའེ་ཕོ་གྲོང་ཚོ་ནས་ཤང་ཧྲན་དུ་བཅའ་སྡོད་གནང་ཞིང་། འདི་གར་མའོ་ཙེ་ཏུང་དང་ཁོང་གི་འཐབ་གྲོགས་ཚོས་འབྲི་ཆུ་བརྒལ་བའི་གྲགས་ཅན་གཡུལ་འགྱེད་ལ་ཐུན་མོང་ཐོག་བཀོད་འདོམས་ཀྱིས་རྒྱལ་ཡོངས་སུ་དམག་འཐབ་ཀྱི་རྒྱལ་ཁ་ལེན་པའི་རླབས་ཆེན་དཔུང་འཇུག་གནང་འགོ་ཚུགས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།