འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཡིག་གི་ཐ་སྙད་གསར་པ་བཀས་བཅད་བྱས་པ་ཁྲི་1ལྷག་ཟིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་27ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། ད་བར་བོད་ཡིག་གི་ཐ་སྙད་གསར་པ་བཀས་བཅད་བྱས་པ་ཁྲི་1ལས་བརྒལ་ཡོད།
         བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རེན་རྩོམ་སྒྱུར་ཅུས་ཀྱི་ཅུས་ཀྲང་ནོར་བུས་ལོ་30ཡི་རིང་སྤྱི་ཚོགས་འཕེལ་རྒྱས་སོང་བ་དང་སྦྲགས་བཀས་བཅད་བྱས་པའི་ཐ་སྙད་མང་པོ་ཞིག་བོད་ཡིག་ནང་ཐོན་ནས་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་གནའ་བོའི་བོད་ཡིག་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བ་བྱུང་ཡོད་ཅེས་ངོ་སྤྲོད་གནང་བ་རེད།
         བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་བོད་སྐད་ཡིག་བཀས་བཅད་ཁྲུའུ་ཡི་ཁྲུའུ་ཀྲང་ཡེ་ཤེས་བཟང་པོས་མིག་སྔར་བོད་རང་སྐྱོང་ལྗོངས་བོད་ཡིག་ཐ་སྙད་བཀས་བཅད་ཨུ་ཡོན་ལྷན་ཁང་འདི་ཉིད་སྨྱན་སྦྱོར་དང་། ཚན་ཞིབ་ལས་ཁུངས། སློབ་ཆེན་བཅས་ཀྱི་རིགས་གཅིག་མཁས་ཅན་24ལས་གྲུབ་པ་དང་ལྗོངས་ཡོངས་ཀྱི་བོད་སྐད་ཡིག་ཡིག་སྒྱུར་གྱི་ཆུ་ཚད་མཐོ་ཤོས་མཚོན་གྱི་ཡོད་ཅེས་ངོ་སྤྲོད་གནང་བ་རེད།
         ཡེ་ཤེས་བཟང་པོས་བོད་ཡིག་ཐ་སྙད་གསར་པ་ཡིག་སྒྱུར་དང་ཁྱབ་གདལ་གཏོང་བ་དེས་ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་མཛད་ཕྱོགས་སྲིད་ཇུས་འཕྲལ་མར་གངས་ལྗོངས་ས་མཐོར་ཁྱབ་པ་མ་ཟད། དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་བོད་རིགས་མང་ཚོགས་ཀྱི་གོམ་སྟབས་ཀྱང་མགྱོགས་སུ་ཕྱིན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་ཡོང་བར་སྐུལ་མ་ཐེབས་ཡོད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།