༄༅།།རྩལ་ནུས་གསོ་སྦྱོང་བྱེད་ནས་དབུལ་སྒྲོལ་ལ་རོགས་རམ་བྱས་པ།
གསར་འགྱུར་སྤེལ་དུས། 【2018ལོའི་ཟླ་ 03ཚེས་27ཉིན། 11:10】 (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)
མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་ཞིང་འབྲོག་ཁུལ་གྱི་བུད་མེད་ཀྱི་དངོས་སྤྱོད་རྩལ་ནུས་གསོ་སྦྱོང་ལ་དམ་འཛིན་ནན་པོ་བྱེད་ནས། གོམ་གང་མདུན་སྤོས་ངང་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཐབས་ལམ་རྒྱ་ཆེར་བསྐྱེད་པས་ཕན་འབྲས་ཡག་པོ་ཐོན་ཡོད་པ་དང་། དེའི་ཁྲོད་དུ་བཞད་མཐོང་སྨོན་རྫོང་ཆབ་ཁ་གྲོང་རྡལ་དགེ་ལྡིང་གྲོང་ཚོའི་གྲོང་མིས་སྲོལ་རྒྱུན་གྱི་རྒྱན་ཆ་དང་བཟོ་རྩལ་གྱི་ཅ་དངོས་ཆུང་ངུ་སོགས་ཀྱི་ཀོ་ཆས་བཟོ་སྟངས་སློབ་སྦྱོང་བྱས་པ་བརྒྱུད་ཡོངས་འབབ་འཕར་སྣོན་བྱུང་ཡོད་པས། ཁོ་ཚོས་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཡིད་ཆེས་ཀྱང་རིམ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད་པ་རེད།