འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་གྱི"མི་རིགས་རེར་ཚོགས་པ་རེས་རོགས་སྐྱོར་བྱེད་པའི"བྱེད་ཐབས་ལ་ཕན་
    འབྲས་ཐོན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་27ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་གྱིས་ཐད་ཀར་བར་བརྒལ་གྱི་མི་རིགས་དང་མི་འབོར་ཅུང་ཉུང་བའི་གྲངས་ཉུང་མི་རིགས་ཤིན་ཏུ་དབུལ་བའི་ས་ཁུལ་ལ་བརྩིས་ཏེ་ཞིང་ཆེན་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གལ་ཆེན་ནང་གི་འགངས་ཆེན་ཞིག་ཏུ་བཞག་ཐོག་རྒྱུན་གཏན་ལས་བརྒལ་བའི་བྱེད་ཐབས་སྤྱད་དེ། འགག་གསུམ་ཚོགས་པ་དང་། ཧྭ་ནེང་ཚོགས་པ། ཏྭ་ཐང་ཚོགས་པ། ཡུན་ནན་ཀྲུང་གོ་རྡོ་ཐ་ཀུང་སི། ཡུན་ནན་ཞིང་ཆེན་རྡོ་ཐ་ཆེད་ཚོང་ཅུས་བཅས་ཁེ་ལས་5དང་མཉམ་དུ་སྤྱི་ཚོགས་འགན་འཁྲི་བསྒྲུབས་ནས་པུའུ་ལང་རིགས་དང་། ཨ་ཁྲང་རིགས། ནུའུ་རིགས། ཕུའུ་སྨི་རིགས། ཅིང་ཕོ་རིགས། ལ་ཧུའུ་རིགས། དབའ་རིགས། ལི་སུའུ་རིགས་བཅས་གྲངས་ཉུང་མི་རིགས་བརྒྱད་ལ་རོགས་སྐྱོར་བྱས་ནས་གནད་སྨིན་དབུལ་སྒྲོལ་ཐུབ་པར་བྱས་ཤིང་། 2017ལོའི་ལོ་མཇུག་བར་དུ། ཁེ་ལས་ཚོགས་པ་5ཡི་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་32.5དམིགས་སར་འབྱོར་ནས། ཐད་ཀར་བར་བརྒལ་གྱི་མི་རིགས་དང་མི་འབོར་ཅུང་ཉུང་བའི་གྲངས་ཉུང་མི་རིགས་འདུས་སྡོད་ཁུལ་གྱི་དབུལ་པོ་ཁྲི་12ཉུང་དུ་བཏང་བ་རེད།
         “མི་རིགས་རེར་བྱ་སྤྱོད་འཆར་གཞི་རེ”དང“མི་རིགས་རེར་ཚོགས་པ་རེས་རོགས་སྐྱོར་བྱེད་པ” ཡུན་ནན་ཞིང་ཆེན་གྱིས་ཁེ་ལས་དང་ས་གནས་ཀྱིས་མཉམ་ལས་དབུལ་སྐྱོར་བྱེད་པ་དང་། མི་རིགས་དང་ས་གནས་གྱི་གནས་བབ་ལ་བསྟུན་ནས་བྱེད་ཐབས་སྤྱོད་པ། འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་རོགས་སྐྱོར་མ་དངུལ་དོ་དམ་ཐད་ཀྱི་ལམ་སྲོལ་གསར་པ་རྒྱུན་ཆད་མེད་པར་གསར་གཏོད་བྱས་པ་དང་། རིམ་རྩིས་བརྒྱབ་ན། མི་6644ལ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་བཏང་བ་དང་། གྲོང་གསེབ་ཀྱི་སློབ་ཆུང་46བཙུགས་པ། དུད་ཚང་7866ཡུལ་གཞན་དུ་གནས་སྤོ་དབུལ་སྐྱོར། དུད་ཚང་36727ལ་བདེ་སྡོད་ཁང་པ་འཛུགས་སྐྲུན་དང་ཡང་ན་ཉེན་ཁང་སྒྱུར་བཀོད། གྲོང་གསེབ་ཀྱི་བགྲོད་ལམ་སྤྱི་ལེ་1120མཁྲེགས་འགྱུར་འཛུགས་སྐྲུན། བདེ་འཇགས་འཐུང་ཆུའི་སྤུས་ཚད་ལེགས་གཏོང་ལས་གྲྭ་306འཛུགས་སྐྲུན། ཁྱད་ལྡན་འདེབས་འཛུགས་ཐོན་ལས་མུའུ་ཁྲི་9.7སྐྱེད་སྲིང་། བ་ཕྱུགས་དང་ལུག་དང་ཕག་པ་སོགས་ཁྲི་5.8གསོ་ཚགས། གྲོང་གསེབ་ཀྱི་ཆེད་ལས་མཉམ་ལས་རྩ་འཛུགས་75ལ་རོགས་སྐྱོར། གྲོང་ཚོ་107གྱི་ཁོར་ཡུག་བཅོས་སྒྲིག་བཅས་བྱས་ནས་མང་ཚོགས་དབུལ་པོ་དབུལ་སྒྲོལ་འཕེལ་རྒྱས་འགྲོ་རྒྱུར་ཕན་པའི་རྣམ་གྲངས་ཁག་ཅིག་ལག་བསྟར་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།