འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་རྙོག་འཛིང་ཆེ་བའི་བྲག་ཞུན་ཁུལ་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཚན་རྩལ་རྒྱལ་
    སྤྱིའི་མདུན་གྲལ་དུ་སླེབས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་27ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། བྲག་ཞུན་ལ་ཁ་སི་ཐིའི་ས་གཤིས་ཀྱང་བརྗོད་ཅིང་། བྲག་ཞུན་རྡིབ་གནས་འགྱུར་བའི་ལས་གྲྭ་ནི་འཛམ་གླིང་རིམ་པའི་དཀའ་གནད་ཅིག་རེད། ལོ་20ལྷག་ཙམ་གྱི་ཉམས་མྱོང་གསོག་འཇོག་དང་འབད་བརྩོན་བྱས་པ་བརྒྱུད། ཚེས་25ཉིན་རང་རྒྱལ་གྱི“རྙོག་འཛིང་ཆེ་བའི་བྲག་ཞུན་ཁུལ་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཕྱོགས་བསྡུས་རྩད་ཞིབ་དང་གནོད་འཚེ་ཉུང་གཏོང་དང་སྔོན་འགོག”གི་ཚན་རྩལ་གྲུབ་འབྲས་ལ་ཞིབ་དཔྱད་གཏན་འཁེལ་ཐོབ་ནས་རྒྱལ་སྤྱིའི་མདུན་གྲལ་དུ་སླེབས་ཡོད་པ་རེད།
         ཀྲུང་གོ་བྲག་རྡོ་ཤུགས་རིག་པ་དང་བཟོ་སྐྲུན་རིག་གཞུང་ལྷན་ཚོགས་ཀྱིས་ཞིབ་དཔྱད་གཏན་འཁེལ་ཨུ་ལྷན་བཙུགས་པ་དང་དེའི་ཁོངས་མི་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲེ་ཡོན་ཏའོ་ཤན་དང་ཚུའེ་ཕོང་དང་། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲེ་ཝུའུ་ཆང་དང་། ལེའང་ཝུན་དབྱི། ཝང་སི་ཅིང་། རྡོ་རྗེ། རྒྱལ་ཡོངས་རྩད་ཞིབ་ཇུས་འགོད་ཆེ་མོ་བ་ལི་ཝུན་ཀང་དང་ཞུས་ཙའེ་ལེའང་སོགས་རིག་གཞུང་གི་རིགས་གཅིག་མཁས་ཅན་11ལས་གྲུབ་ཡོད་པ་རེད། ཞིབ་དཔྱད་གཏན་འཁེལ་ཨུ་ལྷན་གྱིས་ཀྲུང་གོ་ལྕགས་ལམ་ཁང་གཉིས་པ་དང་། ཁྲེང་ཏུའུ་རང་བྱུང་རིག་པ་དང་བཟོ་སྐྲུན་སློབ་ཆེན། ཀྲུང་གོ་ས་གཤིས་ཚན་རིག་ཁང་བྲག་ཞུན་ས་གཤིས་ཞིབ་འཇུག་སུའོ། ཀྲུང་གོ་ལྕགས་ལམ་དཔལ་འབྱོར་འཆར་འགོད་ཞིབ་འཇུག་ཁང་བཅས་ཀྱིས་ཐུན་མོང་ཐོག་ལེགས་སྒྲུབ་བྱས་པའི་《མྱུར་བགྲོད་ལྕགས་ལམ་གྱི་རྙོག་འཛིང་ཆེ་བའི་བྲག་ཞུན་རྩད་ཞིབ་ཀྱི་ལག་རྩལ་ཆ་ཚང་དང་དེ་བཞིན་དེའི་བཀོལ་སྤྱོད་》ཞེས་པ་དེ་སྤྱིའི་ཆ་ནས་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་པའི་ཞིབ་དཔྱད་གཏན་འཁེལ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།