འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོ་རང་རྒྱལ་གྱིས་སླར་ཡང་སྒོར་དུང་ཕྱུར་405བཏང་ནས་གྲོང་གསེབ་ཀྱི་གློག་དྲ་
    སྒྱུར་བཀོད་རིམ་སྤོར་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་24ཉིན། 09:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་དུས་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལིའུ་པའོ་ཧྭ་ཡིས་2018ལོར་རང་རྒྱལ་གྱིས་མ་དངུལ་སྒོར་དུང་ཕྱུར་405དབྱེ་ནས་དབུས་ནུབ་རྒྱུད་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)26གི་རེས་སྐོར་གསར་པའི་གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་རིམ་སྤོར་ལ་སྤྱོད་རྒྱུའི་ནང་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར་120ཡོད་ཅེས་བཤད་པ་རེད།
         ལིའུ་པའོ་ཧྭ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར་120དེ་ས་ཁུལ་དབུལ་པོར་གཟིགས་སྐྱོང་བྱ་རྒྱུ་ཡིན་པ་རེད།
         གྲོང་གསེབ་ལ་གློག་གཏོང་བའི“མཐའ་མའི་འགག་གནད”ཀྱི་གནད་དོན་ཐག་གཅོད་བྱ་ཆེད། 2016ལོར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་རེས་སྐོར་གསར་པའི་གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་རིམ་སྤོར་ལས་དོན་བཀོད་སྒྲིག་བྱས་ཤིང་། 2017ལོའི་ལོ་མཇུག་བར་ཚོང་འདུས་གྲོང་རྡལ་གྱི་ལྟེ་བའི་གྲོང་ཚོ་78533གྱི་གློག་དྲ་རིམ་སྤོར་བྱས་པ་དང་། རྒྱལ་ཡོངས་ཀྱི་འཕྲུལ་ཁྲོན་1595756ལ་གློག་བཏང་བ། རང་བྱུང་གྲོང་ཚོ་དབུལ་པོ་33082ལ་སྒུལ་ཤུགས་གློག་བཏང་བ་རེད།
         འོན་ཀྱང་ལོ་རྒྱུས་ཐོག་བུ་ལོན་མང་པོ་ཟུག་པ་དང་རང་བྱུང་ཆ་རྐྱེན་ཞན་པ་སོགས་ཀྱི་རྐྱེན་པས་གྲོང་གསེབ་ཁག་གཅིག་གི་གློག་དྲའི་སྒྲོམ་གཞིའི་གྲུབ་ཆ་སྔར་བཞིན་ཞན་པོ་ཡོད་པ་དང་གློག་གཏོང་གི་ནུས་པ་དང་གློག་ཤུགས་མི་འདང་བའི་གནད་དོན་སྔར་བཞིན་མངོན་གསལ་དོད་པོ་ཡོད། དེའི་ནང་བོད་ལྗོངས་དང་། ཞིང་ཆེན་བཞིའི་བོད་རིགས་ས་ཁུལ། ཤིན་ཅང་ལྷོ་རྒྱུད་ཀྱི་ས་ཁུལ་དང་ཀྲོའུ་བཞི། སི་ཁྲོན་ལེའང་ཧྲན། ཡུན་ནན་རྒྱལ་མོ་རྔུལ་ཆུ། ཀན་སུའུ་ལིན་ཞ་སོགས་ཚུད་པའི“རང་སྐྱོང་ལྗོངས་གསུམ་དང་ཀྲོའུ་གསུམ་གྱི”ཤིན་ཏུ་དབུལ་བའི་ས་ཁུལ་ནི་གོམ་སྟབས་རྗེས་མར་གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་རིམ་སྤོར་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེ་ཡིན་པ་རེད།
         “ང་ཚོས་སྲིད་ཇུས་དང་མ་དངུལ་ཐད་ནས‘རང་སྐྱོང་ལྗོངས་གསུམ་དང་ཀྲོའུ་གསུམ’ལ་གཟིགས་སྐྱོང་བྱ་རྒྱུ་ཡིན། ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར་120ཡི་ཁྲོད་50.9%‘རང་སྐྱོང་ལྗོངས་གསུམ་དང་ཀྲོའུ་གསུམ’ལ་རྒྱབ་སྐྱོར་བྱ་རྒྱུ་དང་དེ་བྱིངས་དབུས་ནུབ་རྒྱུད་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ལ་གནས་ཡུལ་ཞིང་ཆེན་གྱི་རྒྱལ་ཁབ་རིམ་པའི་རྫོང་དབུལ་པོ་དང་། གཅིག་སྡུད་ཡུག་འབྲེལ་གྱི་ས་ཁུལ་དབུལ་པོ། གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པ། ས་ཁུལ་དབུལ་པོ་གཞན་དག་བཅས་ལ་གཏོང་རྒྱུའི་བླང་བྱ་བཏོན་ཡོད”ཅེས་ལིའུ་པའོ་ཧྭ་ཡིས་བཤད།
         ལིའུ་པའོ་ཧྭ་ཡིས་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས“རང་སྐྱོང་ལྗོངས་གསུམ་དང་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་རིམ་སྤོར་གྱི་འགག་སྒྲོལ་ལོ་གསུམ་རིང་གི་བྱ་སྤྱོད་འཆར་གཞི་འགོད་བཞིན་ཡོད། 2019ལོ་ནས་2020ལོ་བར་ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་དངུལ་མུ་མཐུད“རང་སྐྱོང་ལྗོངས་གསུམ་དང་ཀྲོའུ་གསུམ”ལ་གཟིགས་སྐྱོང་བྱ་རྒྱུ་རེད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།