འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་ཧའེ་ནན་མཁའ་འགྲུལ་ཀུང་སིས་པེ་ཅིང་ནས་མོ་ཞི་ཁོ་གྲོང་ཁྱེར་བར་གནམ་གྲུ་ཐད་
    གཏོང་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་24ཉིན། 09:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་21ཉིན་གྱི་དགོང་མོ་པོ་དབྱིན་787རྟགས་ཅན་གནམ་གྲུ་མོ་ཞི་ཁོའི་རྒྱལ་ས་མོ་ཞི་ཁོ་གྲོང་ཁྱེར་གྱི་པེ་ཉི་ཐོའུ་·ཧྭ་ལུའེ་སི་རྒྱལ་སྤྱིའི་གནམ་ཐང་དུ་བབས་པ་དེ་ཐོག་ནས་ཀྲུང་གོ་ཧའེ་ནན་མཁའ་འགྲུལ་ཀུང་སིས་ལས་གཉེར་བྱེད་པའི་པེ་ཅིང་ནས་མོ་ཞི་ཁོ་གྲོང་ཁྱེར་བར་གྱི་ཐད་གཏོང་གནམ་གྲུ་དངོས་སུ་ཤར་གཏོང་ཐུབ་པ་མཚོན་པ་རེད།
         མོ་ཞི་ཁོའི་ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་ཁཱ་ལུའོ་སི་·ཏེ་དབྱི་ཁཱ་ས་ཡིས་མཁའ་ལམ་ཤར་གཏོང་ཐུབ་པ་དེས་མོ་ཞི་ཁོ་དང་ཀྲུང་གོའི་དབར་གྱི་ཚོང་དོན་དང་། མ་འཇོག ཡུལ་སྐོར་བཅས་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུའི་ཐད་གོ་སྐབས་སྔར་བས་མང་བ་ཐོབ་རྒྱུ་མ་ཟད། ཕྱོགས་གཉིས་པོའི་དབར་རིག་གནས་སྤེལ་རེས་དང་ཕན་ཚུན་བསམ་ཤེས་ཟབ་ཏུ་འགྲོ་རྒྱུར་ཕན་ཐོགས་ཡོད་ཅེས་བརྗོད།
         མོ་ཞི་ཁོར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཆིའུ་ཞའོ་ཆིས་མཁའ་ལམ་གསར་པ་དེ་ཀྲུང་གོ་དང་མོ་ཞི་ཁོ་རྒྱལ་ཁབ་གཉིས་ཀྱི་རྒྱལ་སའི་དབར་སྦྲེལ་མཐུད་བྱེད་པའི་སྟབས་བདེ་ཤོས་ཀྱི་བར་སྣང་གི་ལམ་བུ་ཞིག་ཏུ་འགྱུར་རྒྱུ་ཡིན་ལ་ཀྲུང་གོ་དང་མོ་ཞི་ཁོ་དབར་གྱི་མཛའ་གྲོགས་ཀྱི་ལེའུ་གསར་པ་ཞིག་ཀྱང་བཏོད་པ་དེས་ཀྲུང་གོ་དང་མོ་ཞི་ཁོ་དབར་གྱི་འབྲེལ་བ་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་དང་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་བྱ་རྒྱུར་གོ་སྐབས་གསར་པ་ཞིག་ཐོབ་རྒྱུ་རེད་ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།