འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ཞིང་ལས་སྐྱེ་དངོས་གཙོ་བོའི་ས་བོན་གྱི་ཚད་གཞི་ལོན་ཚད་98%ཡན་ཟིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་24ཉིན། 09:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པར་རྒྱལ་ཡོངས་ཀྱི་དེང་རབས་འདེབས་འཛུགས་ལས་རིགས་འཕེལ་རྒྱས་སྐུལ་སྤེལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། མིག་སྔར་ཆུ་འབྲས་དང་། གྲོ རྒྱ་སྲན། པད་ཁ་སོགས་ཞིང་ལས་སྐྱེ་དངོས་ཐོན་སྐྱེད་ཐད་སྤྱོད་པའི་ས་བོན་ཚང་མ་རང་རྒྱལ་གྱིས་རང་བདག་ངང་འདེམས་གསོ་བྱས་པ་ཤ་སྟག་ཡིན་པས། ཀྲུང་གོའི་འབྲུ་རིགས་གཙོ་བོར་ཀྲུང་གོའི་ས་བོན་སྤྱོད་རྒྱུ་མངོན་འགྱུར་བྱུང་བ་དང་ཞིང་ལས་སྐྱེ་དངོས་གཙོ་བོའི་ས་བོན་གྱི་སྤུས་ཚད་ཀྱི་ཚད་གཞི་ལོན་ཚད་98%ཡན་ཟིན་གྱི་ཡོད་པ་རེད།
         ཚོགས་འདུའི་ཐོག་ཞིང་ལས་དང་གྲོང་གསེབ་པུའུ་ཡིས་འདེབས་འཛུགས་ལས་རིགས་ཀྱི་ལྗང་མདོག་གསར་བརྗེ་དང་། ཚན་རྩལ་གསར་བརྗེ། སྤུས་ཚད་གསར་བསྒྱུར། ཁེ་ལས་གསར་བསྒྱུར། དོ་དམ་གསར་བསྒྱུར་བཅས་གསར་གཏོད་དང་སྐུལ་འདེད་བཏང་ནས་དེང་རབས་འདེབས་འཛུགས་ལས་རིགས་ཀྱི་ཚན་རྩལ་གསར་གཏོད་མ་ལག་དང་། ཐོན་སྐྱེད་གཉེར་སྐྱོང་མ་ལག དོ་དམ་ཞབས་ཞུའི་མ་ལག སྲིད་ཇུས་ཀྱི་རྒྱབ་སྐྱོར་མ་ལག་བཅས་མགྱོགས་མྱུར་བསྐྲུན་རྒྱུ་རེད། ལྗང་མདོག་ས་བོན་འདེམས་གསོ་གཙོ་གནད་དུ་བྱས་ཏེ་རྒྱལ་ཡོངས་ཀྱི་ས་བོན་བརྗེ་བ་དང་ཐོན་རྫས་གསར་འདོན་གྱི་གོམ་སྟབས་མགྱོགས་སུ་བཏང་ནས་རང་རྒྱལ་གྱི་དེང་རབས་ཅན་གྱི་འདེབས་འཛུགས་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད། སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱ་རྒྱུ་གཙོ་གནད་དུ་བྱས་ནས་འདེབས་འཛུགས་ལས་རིགས་རང་བདག་གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུ་དང་། སྤུས་ཚད་ལྡན་པའི་འདེབས་འཛུགས་གཙོ་གནད་དུ་བྱས་ཏེ་འདེབས་འཛུགས་ལས་རིགས་ཕྱོགས་སྒྱུར་རིམ་སྤོར་བྱེད་མགྱོགས་སུ་གཏོང་རྒྱུ། ཐོན་ལས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བྱས་ནས་འཛམ་གླིང་ཐོག་གི་ས་བོན་རྩེ་གྲའི་ཁེ་ལས་ཁག་གཅིག་སྐྱེད་སྲིང་དང་སྟོབས་ཆེར་གཏོང་རྒྱུ། གློད་སྡོམ་ཞབས་གསུམ་སྒྱུར་བཅོས་གཏིང་ཟབ་བྱ་རྒྱུ་གཙོ་གནད་དུ་བྱས་ཏེ་འདེབས་འཛུགས་ལས་རིགས་ཀྱི་དོ་དམ་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུ། ཁྱད་ལྡན་སྐྱེ་དངོས་འདེབས་འཛུགས་ལས་རིགས་འཕེལ་རྒྱས་འགྲོ་རྒྱུ་གཙོ་གནད་དུ་བྱས་ཏེ་འདེབས་འཛུགས་ལས་རིགས་ཀྱི་སྟོབས་ཆེའི་ཞིང་ཆེན་དང་རྫོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་བསྟན་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།