འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིང་ནང་དུ"སྔོ་འགྱུར་སྣེ་ཁྲིད་པ"སླེབས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་24ཉིན། 09:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། དཔྱིད་རྨོད་ཀྱི་དུས་ཚིགས་སུ་སླེབས་པ་དང“90ཡི་ནང་སྐྱེས”གཞོན་ནུ་ཝང་ཁྲའོ་ཡུན་གྱིས་ཧོ་ནན་ཞིང་ཆེན་སུའེ་ཕིང་རྫོང་གི་རྒྱང་ཚོར་རྩི་ཤིང་སྲུང་སྐྱོང་གི་མི་མེད་གནམ་གྲུ་སྤྱད་དེ་འབྲུ་འདེབས་དུད་ཆེན་ལ་ཞིང་སྨན་སྟོར་རོགས་བྱེད་པ་དང་། ཁོང་ལ་དར་སོ་ཆེ་བའི་མིང་ཞིག་ཡོད་པ་སྟེ“སྔོ་འགྱུར་སྣེ་ཁྲིད་པ”ཞེས་འབོད་ཀྱི་ཡོད།
         ཝང་ཁྲའོ་ཡུན་ནི་ཧོ་ནན་ཞིང་ཆེན་ཉིང་ལིང་རྫོང་ནས་ཡིན་པ་དང་མཐོ་རིམ་སློབ་འབྲིང་ཐོན་རྗེས་ཟོག་འགྲེམས་དང་ཕྱིར་ཚོང་གི་ལས་ཀ་བྱེད་མྱོང་ཡོད། ན་ནིང་ཁོང་སུའེ་ཕིང་རྫོང་དུ་ཡོང་ནས་ཧོ་ནན་ཞིང་ཆེན་པ་པའེ་ཅ་ཞེས་པའི་ཞིང་ལས་ཞབས་ཞུའི་ཆེད་ལས་མཉམ་ལས་ཁང་ཞིག་ལ་ཞུགས་ནས་སྒོར་ཁྲི་11བཏང་སྟེ་མི་མེད་གནམ་གྲུ་2ཉོས་ནས་མི་མེད་གནམ་གྲུའི་རྩི་ཤིང་སྲུང་སྐྱོང་གི་ལས་ལ་གཞོལ་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།