འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།སྒྲིག་བཤེར་ལྟ་ཞིབ་ཀྱི་འགན་འཁྲི་ནན་ཏན་ངང་བསྒྲུབས་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་
    ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་བདེ་བླག་ཡོང་བའི་འགན་ལེན་བྱེད་དགོས་
    པའི་བླང་བྱ་བཏོན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་24ཉིན། 09:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་སྒྲིག་ཨུད་ཀྱིས་བརྡ་ཐོ་བཏང་ནས། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། སྒྲིག་བཤེར་ལྟ་ཞིབ་ཀྱི་འགན་འཁྲི་ནན་ཏན་ངང་སྒྲུབ་པ། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་པ། སྒྱུར་བཅོས་བྱེད་པའི་ཁྲོད་ཀྱི་སྒྲིག་འགལ་བྱ་སྤྱོད་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ། འགན་འཁྲི་རྩད་གཅོད་ནན་པོ་བྱས་ནས་སྒྱུར་བཅོས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་བདེ་བླག་ཡོང་བའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
        བརྡ་ཐོའི་ནང་ནན་བཤད་བྱས་དོན། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་འགོ་ཁྲིད་འོག་འབྲེལ་ཡོད་འགན་ནུས་སྡེ་ཚན་དང་མཉམ་དུ་སྒྲིག་ཁྲིམས་ལས་འགལ་བའི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས།
         ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་དུ་བཏང་སྟེ་བཀའ་རྒྱ་ཡོད་ཀྱང་ལག་བསྟར་མི་བྱེད་པ་དང་བཀག་འགོག་བྱས་ཀྱང་མཚམས་འཇོག་མི་བྱེད་པ་དང་། གོང་ལ་སྲིད་ཇུས་ཡོད་ན་འོག་ལ་ཁ་གཏད་འཇལ་ཐབས་ཡོད་པ། བབ་དང་བསྟུན་ནས་སྒྱུར་བཅོས་ནར་འགྱངས་བྱེད་པ་སོགས་ཀྱི་གནད་དོན་མཐའ་གཅིག་ཏུ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་དུ་གཏོང་ཆེད་ཏང་ཀྲུང་དབྱང་གི་བཀོད་སྒྲིག་ལ་གཞིགས་ནས་རིམ་པ་བཞིན་ལག་བསྟར་བྱ་རྒྱུའི་འགན་ལེན་བྱེད་དགོས། རྩ་འཛུགས་ཀྱི་སྒྲིག་ཁྲིམས་ནན་དུ་བཏང་སྟེ་དགོངས་སྐོར་སྙན་སེང་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ་དང་། རང་མཚམས་ཀྱིས་བྱ་སྤྱོད་སྤེལ་བ་དང་། འུར་གྱིས་གཉེར་བ། སྒྱུར་བཅོས་ཀྱི་དོན་ཚན་གལ་ཆེན་དུས་ཐོག་ཏུ་སྙན་སེང་མི་ཞུ་བ་སོགས་ཀྱི་གནད་དོན་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱས་ནས་ཀྲུང་དབྱང་དང་ས་གནས་ཀྱི་ལས་ཁུངས་སྒྱུར་བཅོས་ཀྱི་ལས་ཀའི་བཀོད་སྒྲིག་དང་སྒྲིག་འཛུགས་ལག་བསྟར་ཐད་སྦྲེལ་མཐུད་དམ་ཟབ་ཐུབ་པའི་འགན་ལེན་བྱེད་དགོས་པ། ལས་ཁུངས་སྒྲིག་ཁོངས་ཀྱི་སྒྲིག་ཁྲིམས་ནན་དུ་བཏང་སྟེ་ལས་ཁུངས་སྒྱུར་བཅོས་ཀྱི་ཇུས་གཞི་དང་འབྲེལ་བ་ཡོད་པའི་ལས་ཁུངས་འཛུགས་པ་དང་མི་སྣའི་སྒྲིག་ཁོངས་ལེགས་སྒྲིག་ཐད་གཏན་འབེབས་ཀྱི་གོ་རིམ་ལ་མ་གཞིགས་པར་སྙན་སེང་བཀའ་འཁྲོལ་ཞུ་བ་དང་། ལས་ཁུངས་ཀྱི་ཚད་གཞི་མཐོ་རུ་གཏོང་བ་དང་། ནང་ཁུལ་ལས་ཁུངས་ལེགས་སྒྲིག་དང་གསར་འཛུགས། མི་སྣའི་སྒྲིག་ཁོངས་དང་འགོ་ཁྲིད་ཀྱི་གོ་གནས་གྲངས་ཚད་མང་དུ་གཏོང་བ། སྒྲིག་ཁོངས་ཀྱི་གྲངས་གཞི་མི་བདེན་རྫུན་སྒྲིག་བྱེད་པ། གོང་རིམ་ལས་སྒོའི་གཙོ་གཉེར་སྡེ་ཚན་གྱིས་གཏན་འབེབས་ལས་འགལ་ནས་འོག་རིམ་ལས་ཁུངས་འཛུགས་པ་དང་སྒྲིག་ཁོངས་བཀོད་སྒྲིག་ཐད་ཐེ་ཇུས་བྱེད་པ་སོགས་ཀྱི་གནད་དོན་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས་པ། ལས་བྱེད་པའི་མི་དོན་སྒྲིག་ཁྲིམས་ནན་དུ་བཏང་སྟེ་དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་དང་ལས་བྱེད་པའི་ལས་ཀའི་གོ་རིམ་གྱི་གཏན་འབེབས་ལས་འགལ་ནས་མི་སྣ་ཁག་བགོས་དང་ལས་བྱེད་པ་བསྐོ་འཐེན་སོགས་དང་འབྲེལ་བ་ཡོད་པའི་དོན་ཚན་གལ་ཆེན་རང་མཚམས་ངང་གཏན་འབེབས་བྱེད་པ། ལས་བྱེད་པ་འཕྲལ་དུ་འཇུག་པ་དང་། འཕྲལ་དུ་གོ་གནས་སྤོར་བ། ལེགས་སྒྲིག་སྤེལ་རེས་བྱེད་པ། ཆེད་ལས་ལག་རྩལ་གྱི་ལས་ཀའི་གོ་མིང་འཕྲལ་དུ་དཔྱད་འདེམས་བྱེད་པ། རྩ་འཛུགས་ཀྱིས་བཏོན་པའི་ལས་ཁུངས་ལེགས་སྒྲིག་དང་། གོ་གནས་ལ་འགྱུར་བ་བྱུང་བ། ལས་བྱེད་པའི་སྤེལ་རེས་བཅས་ཀྱི་གཏན་འབེབས་ལག་བསྟར་མི་བྱེད་པ་སོགས་ཀྱི་གནད་དོན་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས་པ། ནོར་དཔལ་གྱི་སྒྲིག་ཁྲིམས་ནན་དུ་བཏང་སྟེ་གཞུང་ཁོངས་རྒྱུ་ནོར་གོང་ཞུ་བྱ་རྒྱུར་ལུས་པ་དང་། རྫུན་ཞུ་བྱེད་པ། སྦས་གསང་བྱེད་པ་བཅས་ལས་གཞུང་ཁོངས་རྒྱུ་ནོར་གར་སོང་ཆ་མེད་དུ་གྱུར་བ་དང་། མ་དངུལ་སྦས་སྐུང་དང་སྒེར་སྤྱོད་བྱེད་པའམ་ཡང་ན་འགྲོ་གྲོན་རྫུན་བཟོ་བྱེད་པ། མ་དངུལ་གཡོ་ལེན་བྱས་ནས་གཞན་སྒྱུར་བྱེད་པ། འགྲོ་སོང་མྱུར་གཏོང་བྱེད་པ། མིང་འདྲ་མིན་སྣ་ཚོགས་བཏགས་ནས་མ་དངུལ་སྤྲོད་པ་དང་། སྒེར་གསོག་བྱེད་པ། སྒེར་ཉར་བྱེད་པ། དེ་བཞིན་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བ་སོགས་ཀྱི་གནད་དོན་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས་པ། གསང་སྲུང་སྒྲིག་ཁྲིམས་ནན་དུ་བཏང་སྟེ་ཏང་དང་རྒྱལ་ཁབ་ཀྱི་གསང་དོན་ཕྱིར་བསྒྲགས་བྱེད་པ་དང་འཁྱར་གཏམ་བརྒྱུད་སྤེལ་སོགས་ཀྱི་གནད་དོན་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས་པ། སྒྲིག་འགལ་གྱི་གནད་དོན་ཤེས་རྟོགས་ཐུབ་ཚེ་མི་སུ་དང་འབྲེལ་བ་ཡོད་པ་དང་མི་ག་ཚོད་དང་འབྲེལ་བ་ཡོད་ཀྱང་ཚང་མར་ངེས་པར་དུ་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱས་ནས་རྒྱ་ཡན་དུ་གཏན་ནས་གཏོང་མི་རུང་།
      

    ཕྱོགས་བསྡུས་གསར་འགྱུར།