འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཡིས་གྲོང་ཚོ་དབུལ་པོ་500ལ་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུར་
    གཅིག་སྡུད་ཐོག་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་24ཉིན། 09:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། སླད་ཕྱིན་གྱི་ལོ་གསུམ་ནང་ཀན་སུའུ་ཞིང་ཆེན་གྱིས་ས་ཆ་སྤྱོད་པར་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་འཛིན་གྱི་ཞིབ་མཆན་སྟབས་བདེ་རུ་གཏོང་བ། གྲོང་ཚོ་དབུལ་པོའི་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་སྐྲུན་མགྱོགས་སུ་གཏོང་བ་སོགས་ཀྱི་བྱ་ཐབས་བརྒྱུད་གྲོང་ཚོ་དབུལ་པོ་500ལ་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུར་གཅིག་སྡུད་ཐོག་རྒྱབ་སྐྱོར་བྱས་ནས་དབུལ་སྐྱོར་འགག་སྒྲོལ་གྱི་འདུ་འགོད་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
         ཀན་སུའུ་ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར། ཀན་སུའུ་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི་ཤིན་ཏུ་དབུལ་བའི་ས་ཁུལ་ནང་བཅུག་པའི་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་དང་། ཉིང་ཞ་ཧུད་རིགས་རང་སྐྱོང་ཀྲོའུ། དཔའ་རིས་བོད་རིགས་རང་སྐྱོང་རྫོང་བཅས་དང་དེ་བཞིན་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་ཤིན་ཏུ་དབུལ་བའི་རྫོང་18གཙོ་གནད་དུ་བྱེད་པ་དང་ཡུལ་སྐོར་གྱི་ཆེད་དོན་མ་དངུལ་བསྡུ་སྒྲིལ་བྱས་ནས་ཡུལ་སྐོར་བར་ཁྱམས་དང་མཛེས་ལྗོངས་ཁུལ་ཆེ་མོར་ཁྱབ་འགྱེད་ཐུབ་པ་དང་། གཙོ་གནད་གྲོང་ཁྱེར་དང་གྲོང་རྡལ་དང་དཔེ་སྟོན་གྲོང་ཚོར་སྣེ་ཁྲིད་བྱེད་པ། ཡུལ་སྐོར་ཁེ་ལས་ཀྱི་ཡིད་དབང་བཀུགས་ནས་ས་ཆ་དེ་རང་ལ་འཁོར་རྒྱུག་བྱེད་པ། གྲོང་གསེབ་ཀྱི་རིག་གནས་ཤུལ་བཞག་མ་རྐང་ནང་ཞུགས་པ། ཡུལ་གཞན་དུ་གནས་སྤོ་དང་གྲོང་སྡེ་སྒྱུར་བཀོད་སོགས་ཀྱི་བྱ་ཐབས་བརྒྱུད། གྲོང་ཚོ་དབུལ་པོའི་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་བཏང་སྟེ་2020ལོར་སླེབས་སྐབས་ཡུལ་སྐོར་འཕེལ་རྒྱས་བཏང་ནས་དབུལ་སྒྲོལ་ལ་སྣེ་ཁྲིད་བྱས་པའི་མི་གྲངས་ཀྱིས་དབུལ་སྒྲོལ་ཐུབ་པའི་སྤྱིའི་མི་གྲངས་ཀྱི་20%ཡན་བཟུང་ཐུབ་པ་བྱ་རྒྱུ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ཀན་སུའུ་ཞིང་ཆེན་གྱིས་གྲོང་གསེབ་ཡུལ་སྐོར་གྱི་ས་ཆ་སྤྱོད་པར་ཁྱད་པར་ལྡན་པའི་དོ་དམ་ལག་བསྟར་བྱས་ནས་བྱ་ཐབས་སྣ་མང་སྤྱད་དེ་འཛུགས་སྐྲུན་ལ་སྤྱོད་པའི་ས་ཆ་མཁོ་འདོན་བྱ་རྒྱུ་རེད། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱིས་སྡོད་ཁང་རྙིང་པ་ཉོ་སྒྲུབ་དང་། ས་ཞིང་བསྐྱར་སྦོལ། དེ་བཞིན་ཁང་པའི་བདག་དབང་དང་། ཐོབ་ཐང་དབང་ཆ། སྤྱོད་དབང་བཅས“དབང་ཆ་གསུམ”ཁག་བགོས་སོགས་ཀྱི་བྱ་ཐབས་འཚོལ་ཞིབ་བྱས་ཏེ་ཁང་པ་དང་ཞིང་པའི་སྡོད་ཁང་གི་སྤྱོད་དབང་ལྷུག་ཏུ་གཏོང་རྒྱུ་རེད།
         གཞན་ཡང་ཀན་སུའུ་ཞིང་ཆེན་གྱིས་སྲིད་འཛིན་གྱི་ཞིབ་མཆན་སྟབས་བདེ་རུ་གཏོང་བ་དང་། སྤྲོ་གསེང་ཞིང་ལས་དང་གྲོང་གསེབ་ཀྱི་ཡུལ་སྐོར་ཞབས་ཞུའི་ཁེ་ལས་གཉེར་སྐྱོང་གི་ཁྱབ་ཁོངས་ལྷུག་ཏུ་བཏང་ནས་སྔོན་བཀོད་ཞིབ་མཆན་དང་བཅའ་ཁྲིམས་ཀྱིས་བཀག་སྡོམ་ཁྱབ་བསྒྲགས་བྱས་པ་ཕུད་ཁེ་ལས་ཀྱིས་རང་མོས་ངང་གཉེར་སྐྱོང་བྱེད་སྒོ་སྤེལ་ཆོག་གི་ཡོད་པ་རེད། དེ་དང་ཆབས་ཅིག་འགྲིམ་འགྲུལ་དང་ཡུལ་སྐོར་གསང་སྤྱོད་ནང་དོན་གཙོ་བོར་བྱས་པའི་གྲོང་གསེབ་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་སྐྲུན་མགྱོགས་སུ་བཏང་ནས་2020ལོར་སླེབས་སྐབས་ཚད་ལྡན་ཅན་གྱི་གྲོང་གསེབ་ཀྱི་ཡུལ་སྐོར་གསང་སྤྱོད་1000ཙམ་གསར་སྐྲུན་དང་བསྐྱར་སྐྲུན་བྱས་ནས་ཞིང་ཆེན་དེ་ཡོངས་སུ་འགྲོ་སྐྱོད་ཀྱི་ཆ་རྐྱེན་ཚང་བའི་A4རིམ་པ་ཡན་གྱི་གྲོང་གསེབ་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ(ས་ཚིགས)དུ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་100%ཟིན་པ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།