འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཝུན་ཞིའུ་ལིན་འཐུས་མི་ཡིས་གྲོང་གསེབ་ཀྱི་སྨན་བཅོས་ནུས་པ་ཇེ་ཆེར་འགྲོ་བར་བྱེད་དགོས་
    ཞེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་07ཉིན། 15:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། རིམ་ཕྱེ་ནད་བརྟག་སྨན་བཅོས་དང་ནད་རིགས་རྐྱང་པའི་སྨན་ཡོན་སྤྲོད་པ་སོགས་ཀྱི་སྨན་བཅོས་བསྒྱུར་བཅོས་སྲིད་ཇུས་རིམ་བཞིན་དོན་ཐོག་ཏུ་འཁྱོལ་བ་དང་ཆབས་ཅིག་སྨན་ཁང་གི་དོ་དམ་དང་འཕེལ་རྒྱས་ནི་གཞི་རྒྱ་དང་གྲངས་འབོར། བལྟོས་བཅས་རགས་ལས་བཅས་ཀྱི་བྱེད་སྟངས་གལ་ཆེར་འཛིན་པ་ནས་སྤུས་ཚད་མཐོན་པོ་དང་། ཚན་རིག་ཅན། ཞིབ་ཚགས་ཅན་བཅས་གལ་ཆེར་འཛིན་པའི་ཕྱོགས་སུ་སྒྱུར་བ་དང་། ནད་བརྟག་སྨན་བཅོས་ཆུ་ཚད་ཇེ་མཐོར་གཏོང་བ་དང་སྨན་བསྟེན་ཉམས་ལེན་ལེགས་སུ་གཏོང་བའི་ཐད་འབད་བརྩོན་ཆེར་སྐྱེད་བྱས་ན། ད་གཟོད་མ་འོངས་པའི་འཕེལ་རྒྱས་ཁྲོད་དུ་བར་སྟོང་སྔར་ལས་ཆེ་བ་ཐོབ་ཐུབ་པ་རེད། རིམ་ཕྱེ་ནད་བརྟག་སྨན་བཅོས་སྲིད་ཇུས་ཀྱིས་རིམ་པ་ཁག་གི་སྨན་བཅོས་ལས་ཁུངས་རིགས་ཁག་གི་ནད་བརྟག་སྨན་བཅོས་ཞབས་ཞུའི་ནུས་པ་གནས་ས་གཏན་འཁེལ་ཁ་གསལ་བཟོས་ནས། ས་ཁུལ་དང་གྲོང་ཁྱེར་རིམ་པའི་སྨན་ཁང་གིས་ངེས་པར་དུ་འབད་བརྩོན་ཆེན་པོས་ཚན་རིག་ཞིབ་འཇུག་གསར་གཏོད་བྱེད་ནུས་མི་འདང་བ་དང་། ལག་རྩལ་མཐོ་གསར་རྣམ་གྲངས་ནང་འདྲེན་ལས་ཕྱོད་ཆུང་བའི་མི་འདང་ས་ཁ་གསབ་གང་ལེགས་བྱས་ནས་ཤུགས་རྒྱག་ས་ཚན་རིག་ཞིབ་འཇུག་གི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། ལག་རྩལ་གསར་པ་ནང་འདྲེན་བྱེད་ནུས་ཇེ་ཆེར་གཏོང་བ། ཕྱོགས་བསྡུས་རིག་གཞུང་ཀྱི་ཤུགས་དངོས་ཇེ་ཆེར་གཏོང་བ་བཅས་ལ་དོ་ཁུར་བྱེད་པར་བསྒྱུར་དགོས་པ་རེད།
         གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ཁྲོད་སྨན་བཅོས་ལས་ཁུངས་ཀྱིས་བྱས་རྗེས་འཇོག་དགོས། གྲོང་གསེབ་ཀྱི་མིའི་འཚོ་གནས་ཁོར་ཡུག་ལེགས་བཅོས་དང་སྤྱི་པའི་འཕྲོད་བསྟེན་ཞབས་ཞུར་ཧུར་བརྩོན་ཆེན་པོས་ཞུགས་པ་དང་། བདེ་ཐང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་དང་། སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་ནང་ཁུལ་མཉམ་ལས་དམ་པོ་བྱེད་ཤུགས་ཇེ་ཆེར་བཏང་ནས་ཆེད་མཁས་པ་ཚོས་རང་འགུལ་ངང་རྫོང་དང་ཤང་། གྲོང་ཚོ་བཅས་སུ་ཟབ་འཇུག་གནང་བ། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་མི་སྣར་སློབ་སྟོན་དང་གསོ་སྦྱོང་བྱས་ནས་གྲོང་གསེབ་ཀྱི་སྨན་བཅོས་ནུས་ཤུགས་ཇེ་ཆེར་མགྱོགས་སུ་འགྲོ་བ་བཅས་བྱེད་དགོས། 
      

    ཕྱོགས་བསྡུས་གསར་འགྱུར།