འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་བཞི་བའི་ཟླ་མཇུག་ཏུ་ལྷོ་བྱང་ཁོ་རེ་ཡའི་འགོ་ཁྲིད་མཇལ་འཛོམས་གནང་རྒྱུ་རེད།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་07ཉིན། 14:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་6ཉིན། ལྷོ་ཁོ་རེ་ཡའི་ཆེད་མངག་སྐུ་ཚབ་ཚོགས་པ་དང་ཆིན་ཝ་ཐའེ་རྒྱལ་ཁབ་བདེ་སྲུང་ཁང་གི་འགོ་འཛིན་ཀྲེང་དབྱི་རོང་གིས་ལྷོ་བྱང་ཁོ་རེ་ཡ་ཕྱོགས་གཉིས་ཀྱིས་གྲོས་མོལ་བྱས་མཐར་ཟླ་བཞི་བའི་ཟླ་མཇུག་ཏུ་པན་མེན་ཏེན་གྱི་ལྷོ་ཁོ་རེ་ཡ་ཕྱོགས་ཀྱི"ཞི་བདེ་ཁྱིམ་ཚང"ཞེས་པ་ནས་འགོ་ཁྲིད་མཇལ་འཛོམས་གནང་རྒྱུ་ཡིན་ཚུལ་བརྗོད་པ་རེད།
          ཀྲེང་དབྱི་རོང་གིས་ཉིན་དེར་ཆིན་ཝ་ཐའེ་ནས་སྤེལ་བའི་གསར་འགོད་པའི་ཡོངས་བསྒྲགས་ཚོགས་འདུ་ཐོག བྱང་ཁོ་རེ་ཡར་འཚམས་འདྲི་གནང་བའི་གྲུབ་འབྲས་གླེང་དུས། བྱང་ཁོ་རེ་ཡ་ཕྱོགས་ཀྱིས་ཁོ་རེ་ཡ་གླིང་ཕྲན་དུ་ཉིང་རྡུལ་མཚོན་ཆ་མི་དགོས་པའི་འདོད་བློ་བརྗོད་པ་མ་ཟད། ཨ་རི་ཕྱོགས་དང་ཁ་བརྡ་བྱེད་འདོད་ཡོད་ཚུལ་བསྟན་པ་དང་། བྱང་ཁོ་རེ་ཡ་ཕྱོགས་ཀྱིས་བྱང་ཁོ་རེ་ཡར་ཁ་གཏད་ཀྱི་དམག་དོན་འཇིགས་སྐུལ་མེད་པར་བཟོ་བ་དང་། བྱང་ཁོ་རེ་ཡའི་ལམ་ལུགས་ཀྱི་བདེ་འཇགས་ལ་ཁག་ཐེག་བྱེད་ཐུབ་ན་བྱང་ཁོ་རེ་ཡ་ཕྱོགས་ལ་ཉིང་རྡུལ་མཚོན་ཆ་བཟུང་བའི་དགོས་པ་མེད་ཅེས་བསྟན་ཚུལ་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།