འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་7ཉིན།
  • མི་དམངས་དྲ་བ།

    《བོད་ལྗོངས་སློབ་ཆེན་གྱི་རིག་གཞུང་དུས་དེབ་》སྐབས་གསུམ་པའི་རྒྱལ་ཡོངས་ཀྱི“ཚགས་པར་
    དང་དུས་དེབ་ལེགས་གྲས་བརྒྱ”ཡི་ནང་བདམས་ཐོན་བྱུང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་07ཉིན། 15:17】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་སྐབས་གསུམ་པའི་རྒྱལ་ཡོངས་ཀྱི“ཚགས་པར་དང་དུས་དེབ་ལེགས་གྲས་བརྒྱ”འོས་སྦྱོར་བྱས་འབྲས་ནང་《བོད་ལྗོངས་སློབ་ཆེན་གྱི་རིག་གཞུང་དུས་དེབ་》སྤྱི་ཚོགས་ཚན་རིག་གི་དུས་དེབ་ལེགས་གྲས་བརྒྱའི་ནང་བདམས་ཐོན་བྱུང་བ་རེད།
         རྒྱུས་ལོན་བྱུང་བ་ལྟར་ན། 《བོད་ལྗོངས་སློབ་ཆེན་གྱི་རིག་གཞུང་དུས་དེབ་》ནི་1986ལོར་གསར་དུ་བཏོན་ཞིང་། བོད་ལྗོངས་སློབ་ཆེན་གྱིས་གཙོ་གཉེར་བྱས་པའི་རིག་གཞུང་དུས་དེབ་ཞིག་ཡིན་པ་དང་། སྤྱི་ཚོགས་ཚན་རིག་པར་གཞི་དང་རང་བྱུང་ཚན་རིག་པར་གཞི་གཉིས་སུ་ཕྱེ་ཡོད། བོད་ལྗོངས་སློབ་ཆེན་གྱི་སློབ་གཉེར་ཕྱོགས་བསྡུས་སྟོབས་ཤུགས་དངོས་ཆེ་རུ་སོང་བ་དང་བོད་རིག་པའི་ཚ་རླབས་འཕྱུར་བ་དང་བསྟུན་ནས་《བོད་ལྗོངས་སློབ་ཆེན་གྱི་རིག་གཞུང་དུས་དེབ་》ལ་སྤྱི་ཚོགས་ལས་རིགས་ཁག་གི་དོ་ཁུར་རྒྱ་ཁྱབ་ཆེན་པོ་ཐོབ་ནས་དུས་དེབ་རྩོམ་སྒྲིག་འདོན་གཉེར་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པས། 2006ལོ་ནས་བཟུང་སྔ་རྗེས་སུ་བྱ་དགའ་20ལ་ཉེ་བ་ཐོབ་ནས་བོད་ལྗོངས་སློབ་ཆེན་གྱི་རིག་གཞུང་ཚན་ཁག་འཛུགས་སྐྲུན་དང་བོད་ལྗོངས་ཀྱི་ས་གནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུར་ཞབས་ཞུའི་ལས་དོན་ལེགས་པོ་བསྒྲུབས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།