འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་ཟླ་7ཚེས་1ཉིན་གྱི་གོང་དུ་དྲ་འཇུག་བཞུར་ཚད་ཀྱི་
    འཁྱམས་བཞུར་འགྲོ་གྲོན་མེད་པར་བཟོ་རྒྱུ་གསལ་པོར་བསྟན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་07ཉིན། 15:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་6ཉིན་བཟོ་ལས་དང་ཆ་འཕྲིན་ཅན་པུའི་པུའུ་ཀྲང་གཞོན་པ་ཁྲེན་ཀྲའོ་ཞུང་གིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་རྨང་གཞིའི་གློག་འཕྲིན་ཁེ་ལས་ཀྱིས་ཆ་འགྲིག་ལེགས་སྒྲིག་དང་། མ་ལག་གསར་སྤེལ་བསྒྱུར་བཀོད་དང་ཚད་ལེན་ཚོད་ལྟ། ལས་སྒོ་ཞིབ་བཤེར་ར་སྤྲོད་སོགས་ཀྱི་ལས་ཀ་ཇེ་མགྱོགས་སྤེལ་བར་སྐུལ་འདེད་བཏང་ནས་རྒྱ་ཆེའི་འཛད་སྤྱོད་པ་ཚོས་ད་ལོའི་ཟླ་7ཚེས་1ཉིན་གྱི་གོང་དུ་ཁེ་འབབ་འདི་ལོངས་སུ་སྤྱོད་ཐུབ་པའི་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་བསྟན་པ་རེད།
         ཁྲེན་ཀྲའོ་ཞུང་གིས་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་ད་དུང་རྨང་གཞིའི་གློག་འཕྲིན་ཁེ་ལས་ཀྱིས་མུ་མཐུད་ནས་བཞུར་ཚད་འབོར་ཆེན་གྱི་འཕྲིན་སྦྲེལ་དྲ་བའི་ཁཱ་དང་། སྐས་རིམ་ལྟ་བུའི་བཞུར་ཚད་སེམས་བདེ་པོའི་ངང་སྤྱད་ཆོག་པ་སོགས་བཞུར་ཚད་རིན་གོང་གཅོག་པའི་བྱ་ཐབས་ཁྱབ་སྤེལ་བྱེད་པར་བསྔགས་སྐུལ་བྱས་ཏེ་སྤོ་འགུལ་དྲ་རྒྱའི་བཞུར་ཚད་ཀྱི་གྲོན་དངུལ་ལོ་མཇུག་ཚུན་ལ་ཉུང་མཐར་ཡང་30%ཆག་པར་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་བཤད་པ་རེད།
         དྲ་རྒྱའི་མྱུར་ཚད་མགྱོགས་སུ་གཏོང་བའི་ཐད་ལ་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་ཀྲའོ་བརྒྱའི་གཤོང་ཆེའི་དྲ་རྒྱས་ཡོངས་སུ་ཁེབས་པར་བྱེད་པ་དང་། ཀྲའོ་སྟོང་གི་གཤོང་ཆེའི་དྲ་རྒྱ་ཚོད་ལྟ་བྱེད་འགོ་བརྩམས་ནས་གཤོམ་ཆེའི་དྲ་རྒྱའི་མྱུར་ཚད་ཇེ་མམགྱོགས་སུ་བཏང་ནས་མི་མང་ཚོགས་སར་རིན་པ་མི་དགོས་པའི་དྲ་འཇུག་ཁྱབ་ཁོངས་དང་4Gདྲ་རྒྱས་ཁེངས་པའི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་ཆེ་རུ་གཏོང་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།