འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་དབང་པོ་སྐྱོན་ཅན་གྱི་འཚོ་བ་དེ་བས་ཡག་ཅིང་འགན་ལེན་དེ་བས་འཐུས་སྒོ་
    ཚང་དུ་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོད།

    ཨུ་ཡོན་སྤེན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་07ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ལོ་ཤས་གོང་། བོད་རིགས་ནད་པ་ཞིག་ཞ་རིལ་ཆགས་ནས་བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་དྲག་སྐྱེད་ཞབས་ཞུ་ལྟེ་གནས་སུ་དུས་ཡུན་ལོ་བཞི་ལྔ་ཙམ་གྱི་དྲག་སྐྱེད་སྦྱོང་བརྡར་དང་ལེན་བྱས་རྗེས་རྒྱུན་གཏན་གྱི་མིའི་འཚོ་བ་སྐྱེལ་རྒྱུ་བྱུང་བ་རེད། ད་ཆ་ཁོང་ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་སུ་ལས་ཀ་བྱེད་པ་དང་ན་ནིང་ད་དུང་ཁ་ལོ་བའི་ལག་ཁྱེར་རག་པ་རེད།
         ཨུ་ཡོན་སྤེན་པས་བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་དྲག་སྐྱེད་ཞབས་ཞུ་ལྟེ་གནས་1999ལོར་བཙུགས་པ་དང་ད་ཆ་བོད་ཀྱི་དབང་པོ་སྐྱོན་ཅན་ཚང་མ་དེར་རིན་མི་དགོས་པར་དྲག་སྐྱེད་སྦྱོང་བརྡར་བྱེད་ཆོག་གི་ཡོད། 2017ལོའི་ཟླ་8པའི་བར་རིམ་རྩིས་བརྒྱབ་ན་མི་ཐེངས་ཁྲི་4ཙམ་ལ་དྲག་སྐྱེད་ཞབས་འདེགས་ཞུས་པ་དང་འབྲེལ་ཡོ་བྱད་སྣ་ཚོགས་10206ཁག་བགོས་ནས་སྤྲད་པ་དང་། སྡེ་ཁུལ་དྲག་སྐྱེད་དཔེ་སྟོན་ས་ཚིགས་72བཙུགས་ནས་སྡེ་ཁུལ་དྲག་སྐྱེད་ཞབས་འདེགས་ཞུ་ཡི་ཡོད་ཅེས་ངོ་སྤྲོད་གནང་བ་རེད།
         2017ལོའི་ཟླ་8པར་རང་སྐྱོང་ལྗོངས་ཀྱིས་དམིགས་བསལ་སློབ་གསོར་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ་དམིགས་བསལ་སློབ་གསོའི་སློབ་གྲྭ་5བསྐྱར་སྐྲུན་དང་གསར་སྐྲུན་བྱས་པ་དང་དབང་པོ་སྐྱོན་ཅན་སློབ་མ་792སློབ་གྲྭར་སྐྱོད་ཀྱི་ཡོད། ལྗོངས་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་བྱིས་པ་འོས་འགན་སློབ་ཁྲིད་ཀྱི་སློབ་གྲྭར་ཞུགས་ཚད་60%ཟིན་པ་དང་སློབ་ལོ་ལོན་པའི་དབང་པོ་སྐྱོན་ཅན་གྱི་བྱིས་པ་2074སྤྱིར་བཏང་གི་སློབ་གྲྭར་སྐྱོད་པ་དང་དབང་པོ་སྐྱོན་ཅན་གྱི་ཚབས་ཆེན་323ལ་ཁྱིམ་དུ་སློབ་ཁྲིད་བྱེད་ཀྱི་ཡོད། བོད་ལྗོངས་དབང་པོ་སྐྱོན་ཅན་གྱི་བྱ་གཞག་མེད་པ་ནས་ཡོད་པའི་བར་དང་། ཆུང་བ་ནས་ཆེ་བའི་བར་འཕེལ་རྒྱས་སྐྱོན་བྲལ་དང་མྱུར་པོ་ཕྱིན་ནས་ལོ་རྒྱུས་ཐོག་འཕེལ་རྒྱས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད། ཨུ་ཡོན་སྤེན་པས“བོད་ཀྱི་དབང་པོ་སྐྱོན་ཅན་གྱི་འཚོ་བ་དེ་བས་ཡག་ཅིང་འགན་ལེན་དེ་བས་འཐུས་སྒོ་ཚང་དུ་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།