འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་རུ་སུའི་དམག་སྤྱོད་སྐྱེལ་འདྲེན་གནམ་གྲུ་ཞིག་སི་རི་ཡ་རྒྱལ་ཁོངས་ནས་ཟགས་ཐོར་བྱུང་ནས་
    མི་32རྐྱེན་ལམ་དུ་ཤོར་ཡོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་07ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་6ཉིན། ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས"བདེ་-26"གི་དམག་སྤྱོད་སྐྱེལ་འདྲེན་གནམ་གྲུ་ཞིག་ཉིན་དེ་ལ་སི་རི་ཡ་རྒྱལ་ཁབ་ཏུ་བཅའ་སྡོད་ཀྱི་ཨུ་རུ་སུའི་ཧོ་མའེ་སྨི་མུའུ་མཁའ་དམག་རྟེན་གཞི་རུ་ཟགས་ཐོར་བྱུང་བ་ལས། གནམ་གྲུ་ཐོག་གི་མི་32ཚང་མ་རྐྱེན་ལམ་དུ་ཤོར་ཚུལ་བརྗོད་པ་རེད།
          ཨུ་རུ་སུ་གསར་འགྱུར་ཁང་གིས་རྒྱལ་སྲུང་པུའུ་ཡི་བརྡ་འཕྲིན་སྤེལ་བ་དྲངས་ནས་དམག་སྤྱོད་གནམ་གྲུ་འདི་ཉིད་ཟགས་ཐོར་བྱུང་དུས་ནི་གནམ་གྲུ་ས་ལ་འབབ་སྐབས་ཡིན་པ་དང་། ཟགས་ཐོར་བྱུང་ཡུལ་ནི་གནམ་གྲུའི་རྒྱུག་ལམ་དང་བར་ཐག་སྨི་500ཡོད་པའི་མཚམས་ཡིན་པ་རེད། ཐོག་མའི་བརྡ་འཕྲིན་ལྟར་ན། གནམ་གྲུ་ཐོག་ཏུ་འགྲུལ་པ་26དང་གནམ་གྲུ་ཐོག་གི་ལས་སྒྲུབ་མི་སྣ་6བཅས་ཡོད་པ་ཚང་མ་རྐྱེན་ལམ་དུ་ཤོར་འདུག་ཅེས་བརྗོད་པ་རེད།
           ཐོག་མའི་དཔྱད་དཔག་ལྟར་ན། གནམ་གྲུ་ཟགས་ཐོར་བྱུང་རྐྱེན་ནི་འཕྲུལ་ཆས་ལ་སྐྱོན་ཤོར་བ་ཡིན་པ་རེད། ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་ཡུལ་དངོས་ཀྱི་སྙན་ཞུ་ལྟར་ན། གནམ་གྲུ་ལ་མེ་ཤུགས་ཀྱི་རྒོལ་བ་ཐེབས་མེད་པ་རེད། རྒྱལ་སྲུང་པུའུ་ཡིས་དོན་རྐྱེན་བྱུང་བར་འབྲེལ་བ་ཡོད་ཉེན་ལྡན་པ་ཚང་མར་བརྟག་དཔྱད་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།