འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།"འོད་ཟེར་དབུལ་སྐྱོར་བྱ་སྤྱོད། སྐྱ་གྲིབ་བསྐྱར་མཐོང"རྣམ་གྲངས་སྤེལ་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་07ཉིན། 11:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཡིག་ཚགས་དང་གཱ་བཟོས་པའི་དབུལ་པོའི་དུད་ཚང་གི་སྐྱ་གྲིབ་ཕོག་མཁན་ལ་སྨན་རིན་མི་དགོས་པར་སྨན་བཅོས་ཐུབ་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་དང་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱིས་མཉམ་སྦྲེལ་ཐོག་སྤེལ་བའི“འོད་ཟེར་དབུལ་སྐྱོར་བྱ་སྤྱོད། སྐྱ་གྲིབ་བསྐྱར་མཐོང”རྣམ་གྲངས་ཚེས་3ཉིན་པེ་ཅིང་དུ་སྤེལ་འགོ་ཚུགས་པ་རེད། པི་ཀུའེ་ཡོན་ཚོགས་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གིས་གཙོ་གཉེར་དོ་དམ་བྱེད་པའི་ཀྲུང་གོ་དབུལ་སྐྱོར་དང་བླངས་ཞབས་ཞུ་སྐུལ་འདེད་ཚོགས་པ་དབར་གྲོས་མཐུན་ལ་མིང་བཏགས་བཀོད་པ་དང་འགོ་ཚུགས་མཛད་སྒོའི་ཐོག་སྒོར་དུང་ཕྱུར་1ཞལ་འདེབས་བརྒྱབ་ནས་རྣམ་གྲངས་ལག་བསྟར་བྱེད་རྒྱུར་རྒྱབ་སྐྱོར་བྱས་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། “འོད་ཟེར་དབུལ་སྐྱོར་བྱ་སྤྱོད། སྐྱ་གྲིབ་བསྐྱར་མཐོང”རྣམ་གྲངས་དེ་རྒྱལ་ཡོངས་རང་བཞིན་གྱི་བདེ་ཐང་དབུལ་སྐྱོར་རྣམ་གྲངས་ཤིག་ཡིན་པས་སྲིད་གཞུང་སྡེ་ཚན་གྱིས་སྒྲིག་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་པ་དང་། གནས་གཏན་འཁེལ་གྱི་སྨན་ཁང་གིས་རོགས་སྐྱོབ་སྟོབས་ཤུགས་འདང་ངེས་མཁོ་འདོན་བྱས་ནས་རོགས་སྐྱོབ་ཀྱི་ཕན་འབྲས་འགན་ལེན། སྤྱི་ཚོགས་ལས་རིགས་ཁག་གི་གཅེས་སེམས་མི་སྣས་མུ་མཐུད་དོ་ཁུར་དང་རྒྱབ་སྐྱོར་བཅས་བྱས་ཡོད། རྒྱལ་ཡོངས་སུ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ནང་སྐྱ་གྲིབ་ཕོག་མཁན་ཁྲི་60ལྷག་ཙམ་ལ་གཤགས་བཅོས་བྱེད་དགོས་པ་དང་རྣམ་གྲངས་ཧྲིལ་པོར་མ་དངུལ་སྒོར་དུང་ཕྱུར་18གཏོང་དགོས་ཀྱི་ཡོད། རྣམ་གྲངས་ལག་བསྟར་གྱི་འབྲེལ་ཡོད་ཆ་འཕྲིན་གཞུང་ཕྱོགས་ཀྱི་དྲ་ཚིགས་བརྒྱུད་ནས་དུས་ཐོག་ཏུ་ཡོངས་བསྒྲགས་བྱས་ཏེ་སྤྱི་ཚོགས་ལས་རིགས་ཁག་གི་ལྟ་སྐུལ་དང་ལེན་བྱ་རྒྱུ་རེད། འགོ་ཚུགས་མཛད་སྒོའི་ཐོག་སྒོར་དུང་ཕྱུར་1ཞལ་འདེབས་རྒྱག་མཁན་པི་ཀུའེ་ཡོན་ཚོགས་པ་ནི་ཡུན་རིང་སློབ་གསོ་དབུལ་སྐྱོར་མཐའ་འཁྱོངས་བྱེད་མཁན་ཞིག་དང་བདེ་ཐང་དབུལ་སྐྱོར་ནང་ཞུགས་མཁན་ཞིག་ཡིན་པ་དང་། ཚོགས་པ་བཙུགས་ནས་ལོ་26རིང་རིམ་རྩིས་བྱས་ན་སྤྱི་ཕན་ཐད་ཞལ་འདེབས་བརྒྱབ་པའི་དངུལ་སྒོར་དུང་ཕྱུར་36ལས་བརྒལ་ཡོད་ལ་མི་ཐེངས་ཁྲི་19ལ་ཐད་ཀར་ཕན་པ་ཐོབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།