འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་90པའི་ཨོ་སི་ཁའི་བྱ་དགའ་ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་07ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    སྐྱེས་པའི་གཙོ་འཁྲབ་པ་ལེགས་ཤོས་ཀྱི་བྱ་དགའ་ཐོབ་མཁན་གཱ་རའེ་·ཨོལ་ཏེ་མན།
    སྐྱེས་པའི་གཙོ་འཁྲབ་པ་ལེགས་ཤོས་ཀྱི་བྱ་དགའ་ཐོབ་མཁན་གཱ་རའེ་·ཨོལ་ཏེ་མན།
          མི་དམངས་དྲ་བའི་འཕྲིན། ཉེ་སྔོན། སྐབས་90པའི་ཨོ་སི་ཁའི་བྱ་དགའ་སྤྲོད་པའི་མཛད་སྒོ་ཨ་རིའི་ལོ་ཧྲན་ཅེས་(Los Angeles)གྲོང་ཁྱེར་གྱི་ཧོ་ལའེ་ཝོད་ཏོལ་པའེ་ཟློས་གར་ཁང་(Hollywood Dolby Theatre)དུ་སྤེལ་བ་རེད། འཁྲབ་སྟོན་པ་གཱ་རའེ་·ཨོལ་ཏེ་མན་(Gary Oldman)གྱིས་གློག་བརྙན་《ནག་ཕྱོགས་ཀྱི་དུས་》(darkest hour)ཞེས་པར་བརྟེན་ནས་སྐབས་90པའི་ཨོ་སི་ཁ་ཡི་སྐྱེས་པའི་གཙོ་འཁྲབ་པ་ལེགས་ཤོས་ཀྱི་བྱ་དགའ་ཐོབ་པ་དང་། མོ་ཞི་ཁོ་རྒྱལ་ཁབ་ཀྱི་འཁྲབ་ཁྲིད་པ་གུ་ལའེ་མོ་·ཏེལ་·ཐོ་རོ་(Guillermo del Toro)ཡིས་གློག་བརྙན་《ཆུ་ཡི་དབྱིབས་གཟུགས་》(The Shape of Water)ཞེས་པར་བརྟེན་ནས་སྐབས་90པའི་ཨོ་སི་ཁ་ཡི་འཁྲབ་ཁྲིད་པ་ལེགས་ཤོས་དང་གློག་བརྙན་ལེགས་ཤོས་ཀྱི་བྱ་དགའ་ཐོབ། ཨ་ལི་སོན་·ཅན་ནའེ་(Allison Janney)ཡིས་གློག་བརྙན་《ང་རང་སྟེ། ཐོ་ནའེ་ཡ་》(I, Tonya)ཞེས་པར་བརྟེན་ནས་སྐབས་90པའི་ཨོ་སི་ཁ་ཡི་བུད་མེད་འཁྲབ་སྟོན་པ་ཕལ་བ་ལེགས་ཤོས་ཀྱི་བྱ་དགའ་ཐོབ། NBAཡི་སྤོ་ལོ་རྩེད་མཁན་གྲགས་ཅན་ཟུར་པ་ཁའོ་པེ་·པི་རན་ཐི་(Kobe Bryant)ཡིས་ཁོང་ཉིད་ཞུགས་ནས་གསར་རྩོམ་བྱས་པའི་《སྙིང་ཉེ་བའི་ལག་རྩེད་སྤོ་ལོ་》(Dear Basketball)ཞེས་པར་བརྟེན་ནས་སྐབས་90པའི་ཨོ་སི་ཁ་ཡི་འཐུང་གྲས་འགུལ་རིས་ལེགས་ཤོས་ཀྱི་བྱ་དགའ་ཐོབ། སཱ་མོ་·རོ་ཁུ་ཝེ་ཨལ་(Sam Rockwell)ཡིས་གློག་བརྙན་《བརྡ་ཁྱབ་བྱང་བུ་གསུམ་》(Three Billboard)ཞེས་པར་བརྟེན་ནས་སྐབས་90པའི་ཨོ་སི་ཁ་ཡི་སྐྱེས་པའི་འཁྲབ་སྟོན་པ་ལེགས་ཤོས་ཀྱི་བྱ་དགའ་ཐོབ་པ་རེད།
    【1】  【2】  【3】  【4】  【5】
    འཁྲབ་ཁྲིད་པ་ལེགས་ཤོས་དང་གློག་བརྙན་ལེགས་ཤོས་ཀྱི་བྱ་དགའ་ཐོབ་མཁན་གུ་ལའེ་མོ་·ཏེལ་·ཐོ་རོ།
    འཁྲབ་ཁྲིད་པ་ལེགས་ཤོས་དང་གློག་བརྙན་ལེགས་ཤོས་ཀྱི་བྱ་དགའ་ཐོབ་མཁན་གུ་ལའེ་མོ་·ཏེལ་·ཐོ་རོ།
      

    ཕྱོགས་བསྡུས་གསར་འགྱུར།