འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།དུས་རབས་གསར་པ་ནི་དཀའ་སྤྱད་ལས་བརྩོན་བྱས་པ་ལས་བྱུང་བ་ཡིན་པ།

    ཨུ་ཡོན་སྤེན་པ་(བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་ཁམས་གསོ་ཞབས་ཞུ་ལྟེ་གནས་ཀྱི་བོད་སྨན་གཙོ་གཉེར་སྨན་པ་དཀའ་བཅུ་པ།)

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་06ཉིན། 15:10】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         ལོ་ཤས་སྔོན་བོད་མི་ཞིག་ནད་གཞི་ཕོག་པའི་རྐྱེན་གྱིས་ལུས་སྨད་ཞ་བོར་གྱུར་པས། བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་གྱི་ཁམས་གསོ་ཞབས་ཞུ་ལྟེ་གནས་སུ་ཡོང་ནས་ཁམས་གསོ་སྦྱོང་བརྡར་ལོ་ངོ་བཞི་ལྔ་དང་ལེན་བྱས་རྗེས། ཁོང་གི་འཚོ་བ་ཧ་ལམ་མི་དཀྱུས་མ་དང་འདྲ་བར་གྱུར་པ་རེད། ད་ཆ་ཁོ་རང་ལྷ་ས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་སུ་ལས་ཀ་བྱེད་བཞིན་ཡོད་པ་དང་། ན་ནིང་ད་དུང་ཁ་ལོ་བའི་ལག་ཁྱེར་གྱི་རྒྱུགས་ལེན་ལོན་པ་རེད།
         ཨུ་ཡོན་སྤེན་པ་ལགས་ཀྱིས་ངོ་སྤྲོད་གནང་ནས་བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་ཁམས་གསོ་ཞབས་ཞུ་ལྟེ་གནས་1999ལོར་བཙུགས་པ་དང་། ད་ལྟ་བོད་ལྗོངས་ཀྱི་དབང་པོ་སྐྱོན་ཅན་ཚང་མ་འདིར་ཡོང་ནས་སྨན་ཡོན་མི་དགོས་པར་ཁམས་གསོ་སྦྱོང་བརྡར་བྱས་ཆོག་པ་རེད། 2017ལོའི་ཟླ་8པའི་བར། རིམ་རྩིས་བྱས་ན་མི་ཐེངས་ཁྲི་4ཉེ་བར་ཁམས་གསོ་ཞབས་ཞུ་མཁོ་འདོན་བྱས་པ་མ་ཟད། རོགས་འདེགས་ཡོ་བྱད་སྣ་ཚོགས་10206ཡང་སྤྲད་ཡོད་པ་དང་། སྡེ་ཁུལ་ཁམས་གསོ་དཔེ་སྟོན་ས་ཚིགས་སྡེ་ཁུལ་72བཙུགས་ནས་སྡེ་ཁུལ་ཁམས་གསོ་ཞབས་ཞུ་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།
         2017ལོའི་ཟླ་8པར། བོད་རང་སྐྱོང་ལྗོངས་ཀྱིས་དམིགས་བསལ་སློབ་གསོར་མ་དངུལ་གཏོང་ཤུགས་ཇེ་ཆེར་བཏང་ནས་དམིགས་བསལ་སློབ་གསོའི་སློབ་གྲྭ་5གསར་སྐྲུན་དང་བཅོས་སྐྲུན་བྱས་པ་དང་། དབང་པོ་སྐྱོན་ཅན་སློབ་མ་792སློབ་གྲྭ་འདིར་སློབ་སྦྱོང་བྱེད་བཞིན་ཡོད་པ་རེད། བོད་ལྗོངས་ཡོངས་ཀྱི་བྱིས་པ་དབང་པོ་སྐྱོན་ཅན་གྱི་འོས་འགན་སློབ་ཁྲིད་ཀྱི་སློབ་གྲྭར་ཞུགས་ཚད་60%ཟིན་པ་དང་། སློབ་ལོ་སོན་པའི་བྱིས་པ་དབང་པོ་སྐྱོན་ཅན་2074འཛིན་གྲྭར་སློབ་སྦྱོང་བྱེད་ཐུབ་པ་དང་། དབང་པོ་སྐྱོན་ཅན་ནད་གཞི་ལྕི་བའི་མི་323ལ་ཁྱིམ་དུ་སློབ་ཁྲིད་བྱེད་པར་སྐྱོད་པའི་ཞབས་ཞུ་མཁོ་འདོན་བྱས་པ་རེད། བོད་ལྗོངས་ཀྱི་དབང་པོ་སྐྱོན་ཅན་བྱ་གཞག་མེད་པ་ནས་ཡོད་པ་དང་ཆུང་བ་ནས་ཆེ་བར་གྱུར་ཏེ་སྐྱོན་བྲལ་ངང་འཕེལ་རྒྱས་མགྱོགས་མྱུར་བྱུང་ནས་ལོ་རྒྱུས་ཐོག་གི་འཕེལ་རྒྱས་ཀྱི་དུས་སྐབས་ཡག་ཤོས་སུ་བསྐྱོད་ཡོད་པ་རེད། ཨུ་ཡོན་སྤེན་པ་ལགས་ཀྱིས“ང་ལ་བོད་ལྗོངས་ཀྱི་དབང་པོ་སྐྱོན་ཅན་རྣམས་ཀྱི་འཚོ་བ་ཉིན་རེ་བཞིན་ཇེ་བཟང་དུ་འགྲོ་ངེས་ཡིན་པ་དང་། འགན་སྲུང་ཉིན་བཞིན་འཐུས་སྒོ་ཇེ་ཚང་དུ་འགྲོ་ངེས་ཡིན་པར་ཡིད་ཆེས་ཡོད”ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།