འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སུ་ལོ་ལྔ་ཡི་རིང་ལ་མི་འབོར་དབུལ་པོ་ཁྲི་53ཉུང་དུ་ཕྱིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་07ཉིན། 11:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་ལས་ཁང་གི་གྲངས་གཞི་ལས་མངོན་པར། འདས་པའི་ལོ་ལྔའི་རིང་བོད་ཀྱི་མི་འབོར་དབུལ་པོའི་མི་གྲངས་ཁྲི་86ནས་33བར་ཆག་པ་དང་། མི་འབོར་དབུལ་པོ་ཁྲི་53ཉུང་དུ་ཕྱིན་ཏེ་དབུལ་པོར་གྱུར་ཚད་32.33%ནས་12.4%བར་ཆག་ཡོད་པ་རེད།
          བོད་རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ལུའུ་ཧྭ་ཏུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། བོད་ནི་མཐོ་གྲང་གསོ་རླུང་དཀོན་པ་དང་། རང་བྱུང་གནོད་འཚེ་ཐོན་མང་བ། མི་འབོར་དབུལ་པོ་ཁ་ཐོར་དུ་གནས་ནས་གཅིག་སྡུད་ཆུང་བའི་ཁྱད་ཆོས་ལྡན་པ། དབུལ་པོར་འགྱུར་བའི་རྒྱུ་རྐྱེན་མང་བ། དབུལ་སྒྲོལ་དཀའ་གནད་ཆེ་བ། དབུལ་པོ་བསྐྱར་ལོག་གི་གནོན་ཤུགས་ཆེན་པོ་ཡོད།
         དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱ་ཆེད། བོད་ཀྱིས་སྒྲིག་སྲོལ་དང་ལམ་སྲོལ་ཟམ་མི་ཆད་པར་གསར་གཏོད་བྱས་ཏེ“ཆེད་དོན་དབུལ་སྐྱོར་དང་། ལས་རིགས་དབུལ་སྐྱོར། དངུལ་རྩའི་དབུལ་སྐྱོར། སྤྱི་ཚོགས་དབུལ་སྐྱོར། བོད་སྐྱོར་དབུལ་སྐྱོར”བཅས“ཕྱོགས་ལྔ་གཞི་གཅིག”གི་དབུལ་སྐྱོར་རྣམ་པ་ཆེན་པོ་བཏོད་ནས་དབུལ་སྐྱོར་ལས་དོན་ས་ཁུལ་དབུལ་པོ་ཡོངས་ལ་ཁྱབ་པ་དང་དབུལ་སྐྱོར་གྲུབ་འབྲས་ཀྱིས་མི་འབོར་དབུལ་པོ་ཡོངས་ལ་ཕན་པ་ཐོབ་པའི་འགན་ལེན་བྱས་པ་རེད།
         གསར་འགོད་པས་བཅར་འདྲི་བྱས་རྗེས་ཤེས་རྟོགས་བྱུང་བར། དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཟམ་མི་ཆད་པར་གཏིང་ཟབ་ཏུ་ཕྱིན་པ་དང་སྦྲགས་བོད་ཀྱི་དབུལ་པོའི་གཞི་རྩའི་གནས་ཚུལ་ལའང་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་སྟེ། ལྟོ་གོས་གཉིས་འཛོམས་ཡོང་བ་བྱ་རྒྱུ་གཙོ་བོར་འཛིན་པའི་དུས་མཚམས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དུས་མཚམས་སུ་སླེབས་པ་དང་དབུལ་སྒྲོལ་འགག་སྒྲོལ་ཡང་ཁྱོན་ཡོངས་ལ་རོགས་སྐྱོར་བྱ་རྒྱུ་གཙོ་བོར་འཛིན་པའི་དུས་མཚམས་ནས་ཤིན་ཏུ་དབུལ་བའི་ས་ཁུལ་འགག་སྒྲོལ་བྱེད་པའི་དུས་མཚམས་སུ་སླེབས་ཡོད།
         ངོ་སྤྲོད་བྱས་པར་གཞིགས་ན། གོམ་སྟབས་རྗེས་མར། བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་དེ་དབུལ་པོ་ཉུང་གཏོང་གི་འཕེལ་རིམ་ལ་སྣང་ཆེན་བྱ་རྒྱུ་ནས་དབུལ་སྒྲོལ་སྤུས་ཚད་ལ་སྔར་བས་སྣང་ཆེན་བྱ་རྒྱུའི་བར་བསྒྱུར་རྒྱུ་དང་། ཕྱོགས་ཡོངས་ནས་རོགས་སྐྱོར་ལ་སྐུལ་འདེད་གཏོང་རྒྱུར་སྣང་ཆེན་བྱ་རྒྱུ་ནས་ཤིན་ཏུ་དབུལ་བའི་ས་ཁུལ་འགག་སྒྲོལ་ལ་སྔར་བས་སྣང་ཆེན་བྱ་རྒྱུའི་བར་བསྒྱུར་རྒྱུ། གསར་སྤེལ་རྣམ་པའི་དབུལ་སྐྱོར་གཙོ་བོར་བྱེད་པ་ནས་གསར་སྤེལ་རང་བཞིན་དང་འགན་ལེན་རང་བཞིན་གྱི་དབུལ་སྐྱོར་གལ་ཆེ་མཉམ་དུ་འཛིན་རྒྱུའི་བར་བསྒྱུར་རྒྱུ། དབུལ་སྒྲོལ་དམིགས་ཚད་ལེགས་སྒྲུབ་ལ་སྣང་ཆེན་བྱ་རྒྱུ་ནས་མང་ཚོགས་དབུལ་པོའི་ཐོབ་ཚོར་ཆེར་གཏོང་ལ་སྔར་བས་སྣང་ཆེན་བྱ་རྒྱུའི་བར་བསྒྱུར་རྒྱུ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།