འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲལ་དོན་སྡེ་ཚན་གྱིས་རིགས་ལྔ་དང་རྣམ་གྲངས་ཉི་ཤུའི་དམངས་ཕན་ཁྲལ་གཉེར་བྱེད་ཐབས་བཏོན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་28ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་26ཉིན་པེ་ཅིང་དུ་2018ལོའི“དམངས་ཕན་ཁྲལ་གཉེར་དཔྱིད་རླུང་བྱ་སྤྱོད”སྤེལ་ཞིང་། འདི་ལོ་རྒྱལ་ཡོངས་ཁྲལ་དོན་སྡེ་ཚན་གྱིས“དུས་རབས་གསར་པ་དང་ཁྲལ་འཇལ་གྱི་རྣམ་པ་གསར་པ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་རིགས་5དང་རྣམ་གྲངས་20ཡི་དམངས་ཕན་ཁྲལ་གཉེར་བྱེད་ཐབས་རིམ་གྱིས་བཏོན་ནས་ཁྲལ་བསྡུའི་གཉེར་ཚོང་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་གཏོང་རྒྱུ་རེད། དེ་དང་ཆབས་ཅིག་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་《“གཉེར་ཐེངས་གཅིག་གི་ཁྲལ་གཉེར་གསལ་ཐོ”》ཁྱབ་བསྒྲགས་བྱས་པ་རེད།
          ད་ཐེངས་བཏོན་པའི་དམངས་ཕན་ཁྲལ་གཉེར་བྱེད་ཐབས་དེ་གཙོ་བོ་ཕྱོགས་ལྔ་དང་འབྲེལ་བ་ཡོད་པ་སྟེ། སྲིད་ཇུས་ཀྱི་གཏན་འཁེལ་རང་བཞིན་ཆེ་རུ་གཏོང་རྒྱུའི་ཐད། ཁྲལ་བསྡུའི་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ་དང་། ཁྲལ་བསྡུའི་དོ་དམ་ལམ་ལུགས་གཙང་སེལ་བྱ་རྒྱུ། ཁྲལ་བསྡུའི་ལས་སྒོའི་ཚད་གཞི་ཚད་ལྡན་ཡོང་བ་བྱ་རྒྱུ། སྲིད་དོན་ཡོངས་བསྒྲགས་དང་སྲིད་ཇུས་གསལ་འགྲེལ་ལ་ཤུགས་སྣོན་རྒྱག་རྒྱུ་སོགས་རྣམ་གྲངས་4དང་དོན་ཚན་20ཡི་བྱེད་ཐབས་བཏོན་ནས་ཁྲལ་འཇལ་མཁན་གྱིས་ཁྲལ་ཁྲིམས་དང་ཁྲལ་དོན་ལམ་ལུགས་ལ་བཅངས་པའི་མོས་སེམས་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། དོ་དམ་གྱི་ཚད་ལྡན་རང་བཞིན་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད། ཁྲལ་བསྡུའི་ཁྲིམས་འཛིན་ལེགས་སུ་གཏོང་བ་དང་། མིང་ངོ་མ་འགོད་པའི་ཁྲལ་གཉེར་བྱེད་ཐབས་ལ་སྐུལ་འདེད་གཏོང་བ། ཡིད་རྟོན་དོ་དམ་ལག་བསྟར། ཁྲལ་བསྡུའི་ཉེན་ཁར་སྔོན་འགོག་ཚོད་འཛིན་སོགས་རྣམ་གྲངས་4དང་དོན་ཚན་13གྱི་བྱེད་ཐབས་བཏོན་ནས་ཁྲལ་འཇལ་མཁན་གྱིས་ཁྲིམས་ལྟར་ཁྲལ་འཇལ་རྒྱུའི་གཞུང་དྲང་གི་བསམ་པ་ཟབ་ཏུ་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ། མ་ལག་གི་བརྟན་པོའི་རང་བཞིན་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད། དྲ་ཐོག་ཁྲལ་དོན་ཅུས་སྐྲུན་མགྱོགས་སུ་གཏོང་བ་དང་། ཆ་འཕྲིན་སྤེལ་སྟབས་བདེ་རུ་གཏོང་རྒྱུ་སོགས་རྣམ་གྲངས་3དང་བྱེད་ཐབས་10བཏོན་ནས་ཁྲལ་འཇལ་མཁན་གྱི་ཁྲལ་གཉེར་ཐབས་ལམ་བདེ་བླག་ངང་ཡངས་སུ་གཏོང་རྒྱུ། ཁྲལ་གཉེར་གྱི་སྟབས་བདེའི་རང་བཞིན་ལ་ཤུགས་སྣོན་བྱ་རྒྱུའི་ཐད། དངོས་ཚན་ཁྲལ་གཉེར་ཞབས་ཞུ་བཟང་སྒྲིག་དང་། མཉམ་འབྲེལ་ཁྲལ་གཉེར་ཟབ་ཏུ་གཏོང་རྒྱུ། ཁྲལ་འཇལ་རེ་ཞུ་སྟབས་བདེ་རུ་གཏོང་རྒྱུ། འཛིན་ཤོག་དོ་དམ་གསར་གཏོད་བྱ་རྒྱུ། གསལ་ཐོ་རྣམ་པའི་ཞབས་ཞུ་ཁྱབ་གདལ་གཏོང་རྒྱུ། ཁེ་ལས་ཆེ་གྲས་ལ་ཞབས་འདེགས་ཞུ་རྒྱུ་ཟབ་ཏུ་གཏོང་རྒྱུ་སོགས་རྣམ་གྲངས་6དང་བྱེད་ཐབས་24བཏོན་ནས་ཁྲལ་འཇལ་མཁན་གྱི་རེ་ཞུ་ཁྲལ་འཇལ་ལ་སྟབས་བདེ་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་རྒྱུ། ཁོར་ཡུག་མཛའ་མཐུན་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད། ཁྲལ་བསྡུའི་གཉེར་ཚོང་ཁོར་ཡུག་ལེགས་སུ་གཏོང་བ་དང་། སྤྱི་ཚོགས་ཡིད་རྟོན་མཉམ་སྤྱོད་ལ་སྐུལ་འདེད། དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཐབས་ཇུས་སོགས་རྣམ་གྲངས་3དང་དོན་ཚན་12བཏོན་ནས་ཁྲལ་འཇལ་མཁན་གྱིས་ཁྲལ་ཁྲིམས་ལ་བརྩི་སྲུང་ཞུས་པའི་ཐོབ་ཚོར་ཆེ་རུ་གཏོང་རྒྱུ་བཅས་རེད། 
      

    ཕྱོགས་བསྡུས་གསར་འགྱུར།