འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།འགག་སྒོ་ལས་ཁུངས་ཀྱིས"ཕྱི་རྒྱལ་གྱི་ཟོག་རོ"ལྐོག་ཚོང་ལ་རྡུང་རྡེག་གཏོང་བ"འདུ་འགོད་
    ཨང་དང་པོའི"ནང་དུ་འཇུག་རྒྱུ་ཡིན་པ།  

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་08ཉིན། 16:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། འདི་ལོ་འགག་སྒོ་ལས་ཁུངས་ཀྱིས་ལྐོག་ཚོང་ལ་མཉམ་འབྲེལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད“རྒྱལ་སྒོའི་རལ་གྲི་2018”སྤེལ་ནས། གཙོ་གནད་ཁྱབ་ཁོངས་5རུ་ཆེད་དོན་རྡུང་རྡེག་དང་གཅིག་སྡུད་བཅོས་སྒྲིག་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད། དེའི་ཁྲོད“ཕྱི་རྒྱལ་གྱི་ཟོག་རོ”ལྐོག་ཚོང་ལ་རྡུང་རྡེག་གཏོང་བ“འདུ་འགོད་ཨང་དང་པོའི”ནང་དུ་བཅུག་ཡོད། རྒྱལ་ཡོངས་འགག་སྒོ་ལས་ཁུངས་ཀྱིས“ཕྱི་རྒྱལ་གྱི་ཟོག་རོ”ལྐོག་ཚོང་བྱེད་ཚད་མང་དུ་འགྲོ་བའི་སྣང་ཚུལ་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ་རི་སྔོ་ཆུ་དྭངས་ལ་སྲུང་སྐྱོང་གིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་མཚོན་རྟགས་རང་བཞིན་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་བླངས་ནས་རྒྱལ་ཁབ་ཁོར་ཡུག་གི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་ཡིན་པ་རེད། 
         གཞན་ཡང་། ལྐོག་ཚོང་ལ་རྡུང་རྡེག་གཏོང་བའི་གཙོ་གནད་ཁྱབ་ཁོངས་གཞན་4ནི་བ་སོ་སོགས་སྟོངས་ལ་ཉེ་བའི་དངོས་པོ་ལྐོག་ཚོང་ལ་རྡུང་རྡེག་ཚ་ནན་དང་། འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་ལྐོག་ཚོང་ལ་རྡུང་རྡེག་གཏིང་ཟབ་གཏོང་བ། དཔྱ་ཁྲལ་དང་འབྲེལ་བ་ཡོད་པའི་ཚོང་ཟོག་ལྐོག་ཚོང་ལ་རྒྱུན་མཐུད་རྡུང་རྡེག མེ་མདའ་དང་དུག་རྫས་དང་འབྲེལ་བ་ཡོད་པའི་རིགས་ཀྱི་ལྐོག་ཚོང་ལ་རྡུང་རྡེག་ཚ་ནན་བཅས་གཏོང་རྒྱུ་ཡིན་པ་རེད། 
         ངོ་སྤྲོད་བྱས་པར་གཞིགས་ན། ཉེ་ཆར། ཧྲེན་ཀྲེན་འགག་སྒོ་ལས་ཁུངས་ཀྱིས་གཞན་གྱི་ཆོག་འཐུས་ལག་ཁྱེར་སྤྱད་ནས་སྲ་གཟུགས་ཟོག་རོ་མངའ་ཁོངས་སུ་ལྐོག་ཚོང་ནང་འདྲེན་བྱེད་པའི་ཉེས་གསོག་དྲ་རྒྱ་ཞིག་མེད་པར་བཟོས་པ་དང་། མངའ་ཁོངས་ནང“ཕྱི་རྒྱལ་གྱི་ཟོག་རོ”བེད་མེད་འགྱིག་ཤོག་ཏུན་ཁྲི་5ལྷག་ཙམ་ལྐོག་ཚོང་བརྒྱབ་པར་ཞིབ་བཤེར་ཐག་གཅོད་བྱས་པ། གཏོར་ཐེངས་གཅིག་ལ་བེད་མེད་འགྱིག་ཤོག་ལྐོག་ཚོང་ནང་འདྲེན་བྱེད་མཁན་ཚོང་ཟོག་བདག་པོའི་ཚོགས་པ་10གཏོར་བ། གྱོད་གཞི་དང་འབྲེལ་བ་ཡོད་པའི་མི་སྣ་གཙོ་བོ་12བཟུང་པ་རེད། དེ་ནི་ཉེ་ཆར་འགག་སྒོ་ལས་ཁུངས་ཀྱིས་ཞིབ་བཤེར་རྩད་ཆོད་ཐུབ་པའི“ཕྱི་རྒྱལ་གྱི་ཟོག་རོ”ལྐོག་ཚོང་གི་གྱོད་གཞི་ཆེ་གྲས་ཤིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།