འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་ཚན་རྩལ་མཐུན་ཚོགས་དང་མཉམ་དུ"དྲ་སྦྲེལ+བཟའ་བཅའ་དང་སྨན་རྫས་བདེ་
    འཇགས་ཀྱི་ཚན་རིག་ཁྱབ་གདལ"གྱི་བྱ་སྤྱོད་སྤེལ་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་08ཉིན། 15:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་6ཉིན། གསར་འགོད་པར་རྒྱལ་ཁབ་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱུང་བར། བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་དང་ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱིས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་དེ་བཟའ་བཅའ་དང་སྨན་རྫས་ཀྱི་ཚན་རིག་ཁྱབ་གདལ་གྱི་སྲིད་ཇུས་དོན་འཁྱོལ་དང་། ཤེས་ལྡན་མི་སྣའི་དཔུང་ཁག་སྟོབས་ཆེར་གཏོང་བ། ཚན་རིག་ཁྱབ་གདལ་ཁང་དང་ཚན་རིག་ཁྱབ་གདལ་གྱི་ཐོན་ཁུངས་སྐྲུན་པ། “དྲ་སྦྲེལ+བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཀྱི་ཚན་རིག་ཁྱབ་གདལ”བྱ་སྤྱོད་སྤེལ་བ་སོགས་ཀྱི་ཐད་དོན་དངོས་ཀྱི་མཉམ་ལས་རབ་དང་རིམ་པ་བྱ་རྒྱུ་རེད།
         བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧྲང་ཧུང་གིས་ང་ཚོས་ངེས་པར་དུ་ངོས་འཛིན་གསལ་པོ་བྱེད་དགོས་པ་ཞིག་ལ་བཟའ་བཅའ་དང་སྨན་རྫས་བདེ་འཇགས་གནད་དོན་གྱི་ཤུགས་རྐྱེན་དང་ཁྱབ་རྒྱ་ཆེ་བ་དང་ལྷག་དོན་དུ་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཀྱི་དྲ་རྒྱའི་དཀྲོག་གཏམ་སྣ་ཚོགས་ཀྱིས་ལས་གཉེར་པ་དང་འཛད་སྤྱོད་པར་གནོད་འཚེ་ཚབས་ཆེན་བཟོ་ཡི་ཡོད་པར་བརྟེན། བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཀྱི་ཚན་རིག་ཁྱབ་གདལ་གྱི་ཤེས་བྱ་དྲིལ་བསྒྲགས་བྱེད་གལ་ཧ་ཅང་ཆེན་པོ་ཡོད། སྤྱི་ཁྱབ་ཅུས་དང་ཚན་རྩལ་མཐུན་ཚོགས་དབར་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་དེས་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཀྱི་ཚན་རིག་ཁྱབ་གདལ་གྱི་ཤུགས་རྐྱེན་དང་བརྒྱུད་བསྒྲགས་བྱེད་ཤུགས་སྔར་བས་ཆེ་རུ་འགྲོ་རྒྱུར་ནུས་པ་གལ་ཆེན་ཐོན་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།